རྡ་སའི་ཕོ་ཉ་དང་བོད་མིའི་ཤེས་ཡོན་སྐོར།

རྡ་སའི་ཕོ་ཉ་དང་བོད་མིའི་ཤེས་ཡོན་སྐོར།

 བུ་ཆུང་ཀེ་ཚེ་རིང་།

“དེང་གི་ན་གཞོན་ཚོས་ཁོང་ཚོའ་ཤེས་ཡོན་གནས་ཚད་ཞན་དུ་ཕྱིན་ཡོད་པ་ཁས་ལེན་གནང་གི་ཡོད་དམ།”

༡༩༨༦ལོར་བཞུགས་སྒར་བོད་རིགས་གཞོན་ནུའི་ས་གནས་རྒྱུན་ལས་ནས་ཟླ་རེའི་གསར་འཕྲིན་རྡ་སའི་ཕོ་ཉ་ཟེར་བ་ཞིག་འགྲེམས་སྤེལ་གནང་སྒོ་བཙུགས། དེ་སྐབས་གུས་རང་ཡང་རྒྱུན་ལས་ཁོངས་སུ་ཡོད།

dharamsalaMessenger

གསར་འཕྲིན་དེའི་ནང་གཞོན་ནུའི་གནས་ཚུལ་ཙམ་མ་ཟད་བཙན་བྱོལ་བོད་མིའི་གནས་སྟངས་དང་གཞུང་གི་མཛད་ཕྱོགས་ཐོག་དཔྱད་ཞིབ་བྱས་ཡོད། དཔེར་ན་༡༩༨༦གི་གསར་འཕྲིན་ལོ་༡འདོན་ཐེངས་༥ནང་བཙན་བྱོལ་བོད་མིའི་ཤེས་ཡོན་གནས་ཚུལ་སྐོར་གླེང་བརྗོད་ཞིག་ཡོད། གླེང་བརྗོད་དེའི་ནང་ང་ཚོས་གནས་སྟངས་ཀྱི་འགྲེལ་བརྗོད་འདི་ལྟར་རེད།

“ཕྱི་ལོ་༡༩༧༩བར་བོད་ཀྱི་གཏན་ཉིན་སློབ་གྲ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཀྱི་ཤེས་ཡོན་གནས་ཚད་གང་ལེགས་ཐོག་དེའི་འགྲུབ་འབྲས་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་གང་སྤྱིའི་ཕྱག་འགན་བཞེས་བཞིན་པའི་ན་གཞོན་ཕལ་ཆེ་བ་སྐབས་དེའི་སློབ་ཕྲུག་ཤ་སྟག་ཡིན།  འོན་ཀྱང་༡༩༧༩ཚུན་རང་རེ་བྱེས་འབྱོར་བའི་འཚོ་བའི་གནས་སྟངས་སོགས་གང་སྤྱིའི་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར་བོད་ཀྱི་གཏན་ཉིན་སློབ་གྲ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོའི་ཤེས་ཡོན་གནས་ཚད་ ཞན་དུ་འགྲོ་མུས་གནས་ཚུལ་འདི་ཡོངས་གྲགས་ཐོག་བོད་མི་བསམ་ཡོད་ཕལ་ཆེ་བར་བློ་ཚབ་སྐྱེ་གཞིར་འགྱུར་ཡོད་པ་དང་།  རང་རེའི་སྤྱི་ཚོགས་ཀྱི་དཀའ་ངལ་གསར་པ་ཞིག་ཀྱང་ཆགས་ཡོད་པ་རེད།  ད་ཆ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཉེར་བདུན་ལྷག་ཙམ་འཁོར་བའི་སྐབས་འདིར་ཕྱོགས་གཅིག་ནས་སློབ་གྲ་ཁག་གི་ནང་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ཞན་དུ་འགྲོ་བ་དང་།  ཕྱོགས་གཞན་ཞིག་ནས་སློབ་ཕྲུག་གང་འཚམས་ཤིག་སློབ་སྦྱོང་མཇུག་འཁྱོངས་མ་བྱས་པར་ཕྱིར་འཐེན་གྱིས་སུད་ཚོང་མི་གླས་ལྟ་བུར་འཁྲིད་ཀྱི་ཡོད་པ་ནི་ཧ་ཅང་བློ་ཕམ་དང་མ་འོངས་པའི་མི་རབས་ཇི་འདྲ་ཞིག་ཏུ་འགྱུར་མིན་སེམས་ཚབ་སྐྱེ་གཞི་ཞིག་ཆགས་ཡོད་པ་རེད།  གལ་ཏེ་ད་ཆའི་གནས་སྟངས་འདི་དག་མུ་མཐུད་ཀྱིས་སློབ་ཕྲུག་མང་དག་ཅིག་སློབ་སྦྱོང་མཚམས་འཇོག་བྱས་ཡིན་ན་ང་ཚོའི་རྒྱལ་ཁབ་ཀྱི་འཐབ་རྩོད་དང་མི་རིགས།  སྤྱི་ཚོགས་བཅས་པར་གྱོང་ཆེན་པོ་ཞིག་ཆགས་རྒྱུ་ཉག་ཅིག་རེད། མ་འོངས་པར་ལོ་༣༠།༤༠རྗེས་བོད་ཀྱི་སྤྱི་ཚོགས་ཀྱི་ཤེས་ཡོན་གནས་སྟངས་ཇི་འདུ་ཞིག་ཏུ་འགྱུར་གྱི་ཡོད་དམ།”

གོང་ཞུས་གླེང་བརྗོད་བྲིས་ནས་ད་བར་ལོ་༣༠ཕྱིན་མེད་རུང་གནས་སྟངས་གཅིག་གསལ་པོ་རེད་བསམ། དེང་སློབ་སྦྱོང་མཇུག་འཁྱོངས་མ་བྱེད་མཁན་དེ་ཉུང་ཤས་ཡིན་གྱི་རེད། བཙན་བྱོལ་ནང་བོད་ཕྲུག་ཕལ་མོ་ཆེས་སློབ་སྦྱོང་གི་གལ་གནས་གསལ་པོ་མཁྱེན་གྱི་ཡོད་པ་ཚོར། འོན་ཀྱང་དེང་གི་ན་གཞོན་ཚོས་ཁོང་ཚོའ་ཤེས་ཡོན་གནས་ཚད་ཞན་དུ་ཕྱིན་ཡོད་པ་ཁས་ལེན་གནང་གི་ཡོད་དམ།

2 thoughts on “རྡ་སའི་ཕོ་ཉ་དང་བོད་མིའི་ཤེས་ཡོན་སྐོར།

  1. དུས་འཁོར་དབང་ཆེན་གྱི་གལ་འགངས་ཆེ་བའི་དུས་སྐབས་འདིར་ལུ་གུ་འདྲ་བའི་གུས་བས་སྐྱོ་གླུ་ཞིག་ལེན་བསམ། སངས་རྒྱས་འགོན་པོའི་རྒྱུད་བཞུས་བའི་དུས་དབང་མ་སེམས་ཅན་ཐམས་ཅད་ཀྱི་དོན་ཡིན་དགོས་མོད། གལ་སྲིད་གོང་ས་མཆོག་གིས་ཆབ་སྲིད་སྤྱད་དེ་ངོ་བོ་སྒྱུར་ན་བསྟན་སྲིད་ལ་གནོད་མ་གཏོགས་མེད་པ་འདྲ། རྒྱལ་ཆེན་གྱི་དད་འདུན་ལ་མཚོན་ན་གོང་ས་མཆོག་གིས་ང་ཚོའང་གངས་ཅན་བོད་མི་གཞན་དང་འདྲ་བར་དམངས་གཙོའི་ཁོར་ཡུག་ཁྲོད་འཚོ་སྡོད་བྱེད་ཆོག་པའི་སྨོན་ལམ།

  2. གུས་བའི་ཕུ་བོ་བླ་ཆེན་ཞིག་ཡིན གུས་བའི་མ་ཡུམ་དབྱིན་ཇི་Oxford Universityནས་འཐར་ཕྱིན་པ་ཡིན
    དོན་དངོས་ཐོག་ཡབ་ཀྱི་མཚན་ལ་གོང་ས་ཟེར།

Leave a comment