ཨི་སི་རེལ་དང་པེ་ལི་སི་ཏན་གཉིས་ཀྱི་དཀའ་རྙོག་

ཨི་ སི་རེལ་དང་པེ་ལི་སི་ཏན་གཉིས་ཀྱི་དཀའ་རྙོག་དེ་ནི་གཙོ་བོ་མི་རིགས་གཉིས་ཀྱི་ ངོ་བོ་གང་འདྲ་སྲུང་དགོས་མིན་དེ་ཡིན། དེ་ཡང་ལོ་ངོ་༥༠ འཁོར་ལ་ཉེ་བའི་རྙོག་ཁྲ་དེ་ནི་པེ་ལི་སི་ཏན་ངོས་ནས་བཤད་ན་ཁོང་ཚོའི་ས་ཆ་ཨི་སི་ རེལ་གྱི་བཙན་བཟོས་བྱས་པ་རེད་ཟེར་བ་དང་། ཡང་ཇེའུ་མི་རིགས་ཡིན་པའི་ཨི་སི་རེལ་མི་མང་ནས་བཤད་ན་ལོ་རྒྱུས་ཐོག་ནས་ས་ཆ་དེ་ ཁོང་ཚོའི་ཡིན་ཟེར། གང་ལྟར་རྙོག་འཛིངས་དེ་ལོ་མང་རིང་མེད་པ་བཟོ་མ་ཐུབ་པར་གནས་ཡོད་།

༢༠༠༨ ལོའི་ཟླ་བ་༡༢ ཚེས་༡༦ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་ཇགས་ལྷན་ཚོགས་ནས་དེ་སྐོར་གྲོས་ཆོད་ཞིག་གཏན་འབེབས་གནང་ཡོད་། གྲོས་ཆོད་དེར་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཞིག་ནི་རྒྱ་ནག་གཞུང་རེད་། རྒྱ་ གཞུང་གི གཞུང་འབྲེལ་གསར་འགྱུར་ཁང་ཤིན་ཧ་ནས་གྲོས་ཆོད་དེ་གཏན་འབེབས་གནང་སྐབས་རྒྱ་ནག་ ཕྱི་འབྲེལ་བློན་ཆེན་གཞོན་པ་ཧེ་ཡ་ཕེ་ཕེབས་ཡོད་འདུག

གྲོས་ཆོད་རྒྱུད་མཉམ་འབྲེལ་རྒྱལ་ཚོགས་ནས་དམངས་གཙོའི་རྒྱལ་ཁབ་ཨི་སི་རེལ་དང་པེ་ལི་སི་ཏན་གཉིས་མཉམ་གནས་དགོས་པའི་འབོད་བསྐུལ་གནང་འདུག

གྲོས་ ཆོད་ནང་ཕྱོགས་གཉིས་དབར་རྒྱུན་གནས་ཞི་བདེ་ཡོང་བའི་གཞི་རྩ་ནི་ཕན་ཚུན་ངོས་ འཛིན་ཡོད་པ་དང་། དྲག་པོའི་ལམ་དང་། ངན་བསྐུལ། དེ་བཞིན་འཇིགས་བསྐུལ་ནས་རང་དབང་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་ཐབས་ལམ་དང་དེ་སྔོན་གྱི་གྲོས་མཐུན་ཐོག་ཡར་རྒྱས་ཡོང་རྒྱུ་ དེ་ཡིན།

Advertisements

ཨ་མེ་རི་ཀའི་དམངས་གཙོའི་འགྲོ་ལུགས་ལ་ན་མོ།

གཞི་རྩའི་ལོ་རྒྱུས་ནང་ཆབ་སྲིད་འགྲོ་ལུགས་སྣ་ཚོགས་ཡོད་པའི་ནང་ནས་གང་ཞིག་ལེགས་ཤོས་ཡིན་མིན་ཐད་བསམ་ཚུལ་འདྲ་མིན་ཡོད་སྲིད་། འགའ་ཞིག་རྒྱལ་པོའི་ལུགས་ལ་དགའ་བ་དང་། འགའ་ཞིག་དམར་པོའི་ལམ་ལུགས་ལ་འདོད་མོས་བྱས་པ་། ཡང་འགའ་ཞིག་དམངས་གཙོའི་ལམ་ལུགས་ལེགས་ཤོས་ཡིན་པ་བཤད་ཀྱི་ཡོད་། ཨ་མེ་རི་ཀ་ལྟ་བུ་ནི་དམངས་གཙོའི་ལམ་སྲོལ་ཡིན་པ་དང་དེ་ཡང་ཆབ་སྲིད་ཚོགས་པ་གཉིས་གཙོ་བོ་བྱེད་པའི་སྤྱི་ཚོགས་རེད་།

སྤྱི་ཚོགས་དེ་འདྲའི་ནང་མི་མངས་ནས་ཐད་ཀར་དབང་ཆ་བེད་སྤྱོད་གནང་ནས་སོ་སོའི་འདོད་མོས་ཀྱི་དབུ་ཁྲིད་འདེམས་ནས་དེ་ཚོར་རྒྱལ་ཁབ་འཛིན་སྐྱོངས་སྐུ་དབང་གནང་གི་ཡོད་། སྐབས་རེ་དབུ་ཁྲིད་ཚོས་མི་མངས་ཀྱི་འདོད་མོས་དང་མཚུངས་ཀྱི་མེད་པའི་སྐབས་སོ་སོའི་ཞབས་སྟེགས་ནས་དགོངས་ཞུ་གནང་དགོས་པའི་ལམ་ལུགས་ཡོད་། ཨ་མེ་རི་ཀར་ཆབ་སྲིད་ཚོགས་པ་གཅིག་ནས་གཞན་ཞིག་ལ་དབང་ཆ་རག་སྐབས་ཞི་བའི་ཐོག་ནས་མང་ཚོགས་ཀྱི་འདོད་མོས་སུ་གུས་རྩི་ཞུས་ཀྱི་ཡོད་། ད་ལོ་སྲིད་འཛིན་རྗེས་ལན་གནང་སྟངས་དེ་ནི་དཔེ་མཚོན་ལེགས་ཤོས་དེ་རེད་།

དམིགས་བསལ་ཐུགས་སྣང་དགོས་ཡག་ནི་ཨ་མེ་རི་ཀའི་ལུགས་སྲོལ་ཡག་པོ་ཞིག་ནི་སྲིད་འཛིན་སུ་ཡིན་མིན་མ་ལྟོས་པར་སོ་སོའི་བློན་ཆེན་ལྷན་ཚགས་ནང་ཕྱོགས་འགལ་ཚོགས་པའི་མི་སྣ་ཡིནའང་འོས་པ་ཡིན་ན་སྐོས་སྲོལ་འདུག དཔེར་ན་དེ་སྔ་སྲིད་འཛིན་ཁི་ལིན་ཏོན་༼ཁོང་ནི་དམངས་གཙོའི་ཚོགས་པ་ཡིན་༽སྐབས་བདེ་སྲུང་བློན་ཆེན་དེ་ནི་སྤྱི་མཐུན་ཚོགས་པའི་ཝི་ལི་ཡམ་ཁོ་ཧེན་ཡིན། ཡང་སྲིད་འཛིན་སྦུ་ཤི་༼ཁོང་ནི་སྤྱི་མཐུན་ཚོགས་པ་ནས་ཡིན་༽སྐབས་འགྲིམ་འགྲུལ་བློན་ཆེན་དེ་ནི་དམངས་གཙོ་ཚོགས་པའི་ཚོགས་མི་ནོར་མན་མི་ནེ་ཀྲ་ཡིན། ད་ལྟ་སྲིད་འཛིན་ཨོ་སྦ་མའི་སྐབས་སྲུང་སྐྱོབས་བློན་ཆེན་ནི་དེ་སྔ་སྤྱི་མཐུན་ཚོགས་པའི་རོ་སྦ་ར་ཀྲ་སྒེ་ཀྲི་དང་ ཡང་ཁ་སང་རང་ཚོང་འབྲེལ་བློན་ཆེན་གསར་པའི་འོས་མི་དེ་འདེམས་གནང་སོང་སྟེ་ཁོང་ནི་སྤྱི་མཐུན་ཚོགས་པའི་ཇ་ཀྲ་སྒེ་རེག་ཡིན། གང་ལྟར་འགྲོ་ལུགས་འདི་འདྲའི་ནང་ཆབ་སྲིད་ཀྱི་རྒྱལ་ཁ་སུ་ཐོབ་མིན་ལ་མ་ལྟོས་བར་མི་མང་གི་ཁེ་ཕན་གང་ལེགས་ཡོང་ཡག་ལ་ཐབ་ཤེས་གནང་བ་ལྟ་བུ་འདུག་

ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་རྒྱལ་གླུ།

ང་ཚོ་རྒྱ་གར་དང་བོད་ལྟ་བུའི་རྒྱལ་གླུ་གོ་མྱོང་མཁན་ཚོས་ཨ་མེ་རི་ཀའི་རྒྱལ་གླུ་ཐོག་མར་གོ་སྐབས་མི་འདྲ་བ་ཞིག་འཚོར་གྱི་འདུག དེ་ཡང་རྩེད་མོ་དང་དེ་མིན་ཆབ་སྲིད་ཚོགས་པའི་ཚོགས་འདུ་ལྟ་བུར་རྒྱལ་གླུ་གཏོང་སྐབས་གཏོང་མཁན་མི་ངོ་མ་དེས་གཞས་ཞིག་བཏང་གི་ཡོད་པའི་རྣམ་པ་དང་དབྱིངས་སྟོན་གྱི་འདུག དཔེར་ན་ཉིན་ཤས་སྔོན་སུ་པར་སྦོ་འོལ་སྐབས་གཞས་མ་ཇེ་ནི་ཕར་ཧ་སྒྲ་སོན་ནས་རྒྱལ་གླུ་དེ་ལྟར་བཏང་སོང་།

ད་རེས་ངས་ཨ་མེ་རི་ཀའི་རྒྱལ་གླུ་དེ་བཞིན་བོད་བསྒྱུར་བྱེད་ནས་འདིར་བཀོད་ཡོད་། དེ་ལ་ལེགས་བཅོས་གནང་མཁན་ཡོད་ན་དགའ་བསུ་ཡོད་། གཟིགས་བདེའི་ཆེད་དབྱིན་ཡིག་ཚིག་གཤམ་དུ་ཡོད་།

སྐར་མདངས་ཅན་གྱི་དར་ཆ་ Continue reading “ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་རྒྱལ་གླུ།”

སུ་པར་སྦོཝལ་སི་སྐྲི་ལར་སི་ལ་ཐོབ་སོང་།

shim
ཁ་སང་ཕྱི་དྲོ་ཨ་མེ་རི་ཀའི་ལོ་རེའི་ཨོར་དོམ་པོ་ལི་(American Football) གྱི་འགྲན་སྡུར་སུ་པར་སྦོཝལ་ཟེར་བ་དེ་སི་སྐྲི་ལར་སི་རུ་ཁག་དང་ཁར་སྒྲི་ནལ་རུ་ཁག་གཉིས་དབར་གནང་ནས་ད་ལོའི་བྱ་དགའ་དེ་ནི་སི་སྐྲི་ལར་སི་ལ་ཐོབ་སོང་།  ཐོག་མ་ཉིད་ནས་སྲིད་འཛིན་ཨོ་སྦ་མ་གཙོས་པའི་མང་ཚོགས་ནང་སི་སྐྲི་ལར་སི་ལ་དགའ་མོས་བྱེད་མཁན་མང་བ་ཡོད་པ་དང་རྩེད་མོའི་ལོ་རྒྱུས་གཞི་ཟུང་ཁོང་ཚོ་ཐོབ་རྒྱུ་ཡིན་པ་ངོས་འཛིན་གནང་མཁན་མང་པོ་ཡོད་། སྲིད་འཛིན་ཨོ་སྦ་མས་ཁོང་གི་བཞུགས་གནས་སུ་སྐུ་མགྲོན་འགའ་ཞིག་ལྷན་རྩེད་མོར་གཟིགས་གནང་འདུག
Continue reading “སུ་པར་སྦོཝལ་སི་སྐྲི་ལར་སི་ལ་ཐོབ་སོང་།”