ཁྲུང་ཁྲུང་དཀར་མོ་བོད་ནས་འབྲུག་ཏུ་གནས་སྤོས་པའི་དུས།

ཁྲུང་ཁྲུང་དཀར་མོ་འབྲུག་ཏུ་གནས་པའི་པར་ཞིག

བོད་ཀྱི་བྱ་ཁྲུང་ཁྲུང་དཀར་མོ་ཁག་གཅིག་གི་ལོ་རིའི་སྡོད་གནས་སྤོ་རྒྱུའི་ལས་འགོ་གཙུགས་ནས་བདུན་ཁྲག་སྔོན་མར་འབྲུག་གི་ཕོབ་སྤྱིས་ཁ་ལུང་གཤོང་ས་ཁུལ་དུ་འབྱོར་འདུག བྱ་དེ་ཚོ་དབྱར་དུས་སུ་བོད་ཀྱི་ས་ཁུལ་དུ་གནས་པ་དང་དགུན་ཁ་སླེབས་དུས་སུ་ཧི་མ་ལ་ཡ་རི་རྒྱུད་རྒལ་ནས་ལྷོ་ཕྱོགས་འབྲུག་རྒྱལ་ཁབ་དུ་གནས་ཀྱི་ཡོད་འདུག སྤྱིར་བཏང་བོད་ཀྱི་གཉའ་ལམ་ཁུལ་དུ་གནས་ཀྱི་ཡོད་ཀྱང་འདས་པའི་དགུན་ཁར་བྱ་ཁག་གཅིག་ཕག་རི་ཁུལ་དུ་སླེབས་ཡོད་པའི་གནས་ཚུལ་འདུག འབྲུག་ནང་བྱ་དེ་ཚོ་ཕལ་ཆེ་བ་ཕོབ་སྤྱིས་ཁ་འདམ་རའི་ཉེ་འགྲམ་དུ་གནས་ཀྱི་འདུག ཕོབ་སྤྱིས་ཁ་ནི་འབྲུག་དབུས་སུ་ཡོད་པ་དང་དེ་གར་ཡོད་པའི་འབྲུག་པ་ཚོས་བྱ་ཁྲུང་ཁྲུང་གི་དུས་སྟོན་ཞིག་ཀྱང་སྲུང་བརྩི་ཞུ་ཡི་ཡོད་འདུག
ཁྲུང་ཁྲུང་དཀར་མོ་བོད་ཀྱི་ས་ཁུལ་ནང་ཡོད་པའི་པར་།

འབྲུག་གི་གསར་འགྱུར་ཁང་ཞིག་ལ་ཕོབ་སྤྱིས་ཁའི་ཉེ་འགྲམ་དུ་ཡོད་པའི་སྒང་སྟོད་གི་མི་ཞིག་གིས་གསུངས་ཡག་ལ་ལབ་སྲོལ་ལ་བྱ་ཁྲུང་ཁྲུང་དཀར་མོ་དེ་ཚོ་བོད་ནས་ཕོབ་སྤྱིས་ཁ་ལུང་གཤོང་ནང་མ་བབ་གོང་ཉེ་འགྲམ་སྒང་སྟོད་ལྷ་ཁང་ལ་སྐོར་ར་ཚར་གསུམ་རེ་རྒྱབ་ན་རྟེན་འབྲེལ་ལེགས་པའི་རྟགས་མཚན་ཡིན་འདུག

རྒྱལ་སྤྱིའི་ཁྲུང་ཁྲུང་ཐེབས་རྩའི་གནས་ཚུལ་ལྟར་ན་བྱ་ཁྲུང་ཁྲུང་དཀར་མོའི་གྲངས་འབོར་ཉུང་དུ་ཕྱིན་པའི་རྐྱེན་གྱི་བྱ་རིགས་དེ་རྩ་མེད་དུ་འགྲོ་རྒྱུའི་ཉན་ཁ་གཟིགས་ཡོད་།

Advertisements

༧གོང་ས་མཆོག་ནས་རྒྱ་གར་བརྙན་འཕྲིན་ཁང་ཨེན་གྲི་ཊི་ཝི་བཅའ་དྲི་གནང་བ།

ཟླ་བ་༡༡ ཚེས་༢༨ དགོང་དྲོར་རྒྱ་གར་བརྙན་འཕྲིན་ཁང་ཨེན་གྲི་ཊི་ཝི་གསར་འགོད་པ་སྦར་ཁ་རྡཊ་ནས་ཉེ་ཆར་༧གོང་ས་མཆོག་ལ་བཅའ་དྲི་ཞུ་བ་དེ་རྒྱང་སྲིང་ཞུས་སོང་། ཆུ་མཚོད་ཕྱེད་ཀ་ཙམ་ཡོད་པའི་ལས་རིམ་དེའི་ནང་༧གོང་ས་མཆོག་ནས་རྟ་དབང་ལ་མ་ཕེབས་གོང་ཐུགས་ཚབ་ཕྲན་བུ་བྱུང་གསུངས་འདུག དེའི་རྒྱུ་མཚན་ནི་དེ་སྐབས་རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་སུ་དཀའ་རྙོག་ཡོང་གི་ཡོད་པ་གོ་རྒྱུ་ཡོད་བཞིན་ཁོང་ནས་ཁོང་རྟ་དབང་ལ་ཕེབས་པ་དེས་ལུང་པ་གཉིས་དབར་དམག་ཤོར་རྒྱུའི་རྒྱུ་རྐྱེན་ཆགས་མི་ཡོང་དགོངས་བྱུང་གསུངས་འདུག
དེ་བཞིན་༧གོང་ས་མཆོག་ནས་རྒྱ་གར་རྒྱལ་ཁབ་ལ་ལོ་རྒྱུས་ཐོག་ནས་སྤོབ་པ་དགོས་ཡོད་པའི་སྐོར་གསུངས་འདུག བརྙན་འཕྲིན་འདི་ནས་གཟིགས་ཐུབ།
དྲ་ཚིགས་ཐོག་རྒྱ་གར་མི་ཚོས་འགྲེལ་བརྗོད་གནང་བ་ལ་ཞིག་ན་༧གོང་ས་མཆོག་གི་བཅའ་དྲི་དེར་དགའ་བསུ་ཆེན་པོ་ཞུ་བཞིན་འདུག

ཨོ་སྦ་མ་དང་ཧུ་ཅིན་ཐའོ་གསར་འགོད་ལྷན་ཚོགས་དེ་འདྲ་དགོད་བྲོ་བ་ལ།

ཨ་རི་ནང་བརྙན་འཕྲིན་ཁང་ཨེན་སྦི་སི་ཟེར་མཁན་ཐོག་གཟའ་སྤེན་པ་དགོངས་དྲོར་དགོད་བྲོའི་ལས་རིམ་ཞིག་ཡོད་རེད་། དེའི་མིང་ལ་ཐད་སྒྱུར་བྱེད་ན་ “གཟའ་སྤེན་པ་མཚན་གྱི་ཐད་ཀར་རྒྱང་སྲིང་” ཡིན་པ་དང་དེ་ནི་༡༩༧༥ ལོར་འགོ་གཙུགས་པ་དང་ལོ་རྒྱུས་ལྡན་པའི་ལས་རིམ་ཞིག་རེད་། དེང་ཨ་རིའི་གློག་བརྙན་འཁྲབ་མཁན་མང་པོ་ལས་རིམ་འདི་ཐོག་ཐོག་མར་འཁྲབ་སྟོན་སྦྱོང་མྱོང་མཁན་རེད་།
ཉེ་ཆར་གྱི་གཟའ་སྤེན་པའི་ལས་རིམ་ནང་༼ཟླ་༡༡ ཚེས་༢༡༽ལས་རིམ་དེ་འགོ་གཙུགས་པ་དང་སྲིད་འཛིན་ཨོ་སྦ་མ་དང་སྲིད་འཛིན་ཧུ་ཅིན་ཐའོ་པེ་ཅིང་གསར་འགོད་ལྷན་ཚོགས་གོ་སྐབས་ཟིན་ཏེ་སྐྱོན་སྟོན་གྱི་འདུག ཧུ་ཅིན་ཐའོ་འཁྲབ་མཁན་དེ་རྒྱ་སྐད་རྒྱབ་ཤེས་ཀྱི་ཡོད་པའི་རྣམ་པ་སྟོན་གྱི་མིན་འདུག ཚིག་འགའ་ཞིག་བཙོག་པ་འདུག གཟིགས་གནང་དང་།

 

 

 

 

 

གློག་གི་སྐས་འཛེགས་སྟེང་སན་གཏུབ་བེད་སྤྱོད་བྱེད་སྐབས་ཀྱི་བསམ་ཚུལ།

དེང་སང་སྤྱི་ཚོགས་དེ་ནི་ཆེས་ཡར་རྒྱས་ཕྱིན་བཞིན་པའི་སྐབས་ཡིན་པས་ང་ཚོས་གསར་གཏོད་ཅ་ལག་མང་པོ་ཞིག་ཡིན་གཤའ་བྱས་པའི་དུས་ཚོས་ཡིན། དཔེར་ན་སེན་གཏུབ་ལྟ་བུའི་དངོས་པོ་ཞིག་ང་ཚོས་བེད་སྤྱོད་བྱེད་དུས་བསམ་བློ་ཐོལ་པ་གང་ཡང་མི་བཏང་བར་བྱེད་ཀྱི་ཡོད་། ལྟས་པ་ཡིན་ན་ཅ་ལག་ཆུང་ཆུང་དེ་ཐོག་མའི་གསར་གཏོད་གནང་མཁན་གྱིས་དགོངས་པ་ཆེན་པོ་བཞེས་ཡོད་པ་གསལ་པོ་རེད་། དེ་ལྟ་བུའི་ཅ་ལག་མེད་པའི་སྐབས་མི་རྣམས་ནས་རང་གི་སན་མོར་བདག་སྤྲོད་གང་འདྲ་བྱེད་ནས་གནང་ཡོད་དམ། སྤྱི་ཚོགས་ཀྱི་ལོ་རྒྱུས་ནང་དེ་སྐོར་གསལ་ཡོད་མིན་གུས་པར་ཞུ་རྒྱུ་མེད་།
སན་གཏུབ་ཞིག
ད་ལྟ་འདི་བྲིས་བཞིན་པའི་སྐབས་ང་རང་གི་ལག་པའི་སན་མོར་ལྟས་ཡིན་པས་དེ་ཚོ་གཏུབ་རན་འདུག ད་སན་གཏུབ་ཞིག་དགོས་འདུག

གསར་གཏོད་རིགས་འདི་འདྲ་སྐོར་ད་རང་གུས་རང་ལས་ཁུངས་སུ་ཡོང་བའི་སྐབས་བསམ་བློ་འཁོར་སོང་། ཁྱིམ་ནས་ས་འོག་རི་ལི་རྒྱུད་ལས་ཁུངས་སུ་ཡོང་དགོས་ཡོད་། རི་ལི་བབ་ཚུགས་ལ་གློག་གི་སྐས་འཛེགས་བེད་སྤྱོད་སྐབས། ཨ་རྩི། སྐས་འཛིགས་འདི་རིགས་ཐོག་མར་བཟོ་མཁན་གྱི་དགོངས་པ་གང་འདྲ་ཞེས་ཡོད་དམ་བསམ་བྱུང་། ལོ་རྒྱུས་ཐོག་གློག་གི་སྐས་འཛེགས་དེ་ཐོག་མར་སྤྲོ་སྐྱིད་ཆེད་མ་གཏོགས་འགྲུལ་བསྐྱོད་ཐོག་ཕན་ཐོག་ཡོང་གི་ཡོད་པའི་བསམ་བློ་འཁྱེར་ནས་བཟོས་མིན་འདུག ད་ལྟའི་གློག་གི་སྐས་འཛེགས་དེ་ནི་༡༨༩༧ ལོར་གསར་གཏོད་གནང་འདུག

ངས་ཐོག་མར་གློག་གི་སྐས་འཛེགས་དེ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་འཁྱེར་དུ་མཐོང་བྱུང་། དེ་ནི་ལོ་༢༥གོང་རེད་། ཕལ་ཆེར་སྦེང་ལོར་དུ་གློག་བརྙན་ཁང་ནར་ཊ་ཁི་ཟེར་མཁན་དེ་ཡིན་ནམ་ཡང་ན་དེའི་ཉེ་འགྲམ་དུ་ཡོད་པའི་སན་ཏོ་ཤི་ཟེར་མཁན་ཡིན་ནམ་གང་ལྟར་གློག་བརྙན་ཞིག་བལྟ་བར་བསྐྱོད་སྐབས་ཡིན་། དེ་དུས་ཧང་སང་བྱུང་བ་མ་ཟད་ཐོག་མར་སྐས་འཛེགས་དེ་ཐོག་བསྐྱོད་སྐབས་ཕྲན་བུའི་མ་བདེ་བ་འདྲ་པོ་ཡང་བྱུང་།
མཚམས་མཚམས་ང་ཚོས་ཅ་ལག་བེད་སྤྱོད་གནང་དུས་དེའི་གསར་གཏོད་གནང་མཁན་ཚོའི་ཐོག་དགོངས་པ་ཡུད་ཙམ་གནང་ཐུབ་ན་བཀའ་དྲིན་རྗེས་དྲན་ཡང་ཞུ་རྒྱུའི་གོ་སྐབས་ཞིག་རེད་བསམ།
ད་སན་མོ་གཏུབ་དགོས་པས་འདིར་མཚམས་བཞག་གི་ཡིན།

གསར་འགོད་པའི་ཚོགས་པས་པེ་ཅིང་གསར་འགོད་ལྷན་ཚོགས་གནང་སྟངས་ལ་སྐྱོན་བརྗོད་གནང་བ།

རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཕྱི་རྒྱལ་གསར་འགོད་པའི་ཚོགས་པས་ཚེས་༡༨་ཉིན་གསལ་བསྒྲགས་ཞིག་རྒྱུད་སྲིད་འཛིན་ཨོ་སྦ་མ་དང་ཧུ་ཅིན་ཐའོ་ནས་ཚེས་༡༧ ཉིན་གྱི་གསར་འགོད་ལྷན་ཚོགས་སྐབས་གུ་ཡངས་གནམ་པ་སྟོན་རྒྱུའི་གོ་སྐབས་ཟིན་ཐུབ་མ་སོང་བཤད་འདུག ཕྱོགས་གཉིས་ནས་གྲ་སྒྲིགས་གནང་ཟིན་པའི་གསལ་བསྒྲགས་ཀླག་རྗེས་གསར་འགོད་པར་དྲི་བ་བཏང་རྒྱུའི་གོ་སྐབས་མེད་པ་དེས་ཨོ་སྦ་མས་ཧྲང་ཧེ་རུ་མཐོ་སློབ་སློབ་ཕྲུག་ཚོར་གསུངས་པའི་སྨྲ་བརྗོད་རང་དབང་གི་སྤྱི་ཚོགས་ལ་ཁེ་ཕན་ཡོད་པ་དེ་སྟོན་ཐུབ་ཡོད་མ་རེད་།
གསར་འགོད་ཚོགས་པའི་གཙོ་འཛིན་ས་ཀོཊ་མེག་གྲོ་ནལཊ་ནས་གསུངས་ཡག་ལ། “འདི་ནི་དབུ་ཁྲིད་གཉིས་དབར་ལོ་རྒྱུས་ལྡན་པའི་མཇལ་འཛོམས་ཡིན་ཞིང་གསར་འགོད་པར་གསལ་བསྒྲགས་ལས་ལྷག་པའི་གནད་དོན་ཐོག་དྲི་བ་ཞུ་རྒྱུའི་གོ་སྐབས་གནང་དགོས་ཡོད་རེད་།” གསུངས་འདུག

ཨོ་སྦ་མས་རྒྱ་ནག་དུ་བོད་སྐོར་ག་རེ་གསུངས་ཡོད་དམ།

སྲིད་འཛིན་ཨོ་སྦ་མས་༢༠༠༩ཟླ་༡༡ ཚེས་༡༧ ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་དུ་སྲིད་འཛིན་ཧུ་ཅིན་ཐའོ་མཇལ་རྗེས་སྲིད་འཛིན་གཉིས་ནས་ཟུང་སྦྲེལ་གསར་འགོད་ལྷན་ཚོགས་གནང་སྐབས་བོད་སྐོར་གསུངས་པ་དབྱིན་ཡིག་ནས་རག་བསྒྱུར་ཞུས་པ་གཤམ་གསལ་ཡིན་།

“ང་ཚོས་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་ངོས་འཛིན་ཡོད་པ་དང་ཆབས་ཅིག་ཨ་མེ་རི་ཀ་ནས་རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་ལྷན་ཕྱོགས་གཉིས་དབར་ཐུགས་ཚབ་དང་མི་མཐུན་པ་གང་ཡོད་སེལ་རྒྱུར་གྲོས་མོལ་གང་རྒྱོག་སྐྱར་གསོ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་།”

ཡང་སྲིད་འཛིན་ཨོ་སྦ་མའི་ཨེ་ཤེ་ཡ་སློབ་སྟོན་པ་ཇེབ་སྦེ་ཊར་ནས་སྲིད་འཛིན་ཨོ་སྦ་མས་བོད་སྐོར་བཀའ་མོལ་གནང་བའི་སྐོར་གསར་འགོད་པར་འགྲེལ་བརྗོད་གཤམ་འཁོད་ལྟར་གནང་འདུག དེ་ནི་དབྱིན་ཡིག་ནས་རག་བསྒྱུར་ཞུས་པ་ཡིན་
“སྲིད་འཛིན་ནས་་་ཁྱེད་ཚོས་བཉམ་སྦྲེལ་གསར་འགོད་ལྷན་ཚོགས་ཐོག་གཟིགས་པ་བཞིན་་་དམིགས་བཀར་གྱིས་ཆོས་དད་རང་མོས་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་གསུང་མ་ཐག་ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་ལྷན་གྲོས་མོལ་སྐྱར་གསོ་ཡོང་རྒྱུ་དེ་གལ་ཆེན་པོ་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་། དེ་ནི་བསམ་ཞིབ་བྱས་པ་ཞིག་ཡིན་པ་དང་དེས་སྲིད་འཛིན་ནས་དོན་གནད་འདིར་གནས་འགག་གང་འདྲ་རྩིས་མིན་གྱི་མཚོན་རྟགས་གསལ་པོ་ཞིག་ཡིན་། དོན་གནད་དེ་ནང་མོལ་སྐབས་སུའང་སློང་ཡོད་པ་དང་། སྲིད་འཛིན་ནས་ཏཱ་ལའི་བླ་མར་རིག་གཞུང་དང་ཆོས་ཀྱི་དབུ་ཁྲིད་ཡིན་པའི་རྩི་མཐོང་ཡོད་པ་དེ་གསལ་པོ་བཟོ་གནང་བ་ད་དུས་ཚོད་འོས་མཚམས་ཞིག་ལ་ཏཱ་ལའི་བླ་མ་མཇལ་གྱི་ཡོད་པའི་སྐོར་གསུངས་ཡོད་།
གཤམ་དུ་སྲིད་འཛིན་ཨོ་སྦ་མས་གསར་འགོད་ལྷན་ཚོགས་སུ་གཏམ་བཤད་གནང་སྐབས་བརྙན་པར་ཆ་ཤས་ཤིག་ཡོད་

བོད་ཤོག་བཟོ་སྟངས་འདི་འདྲ་ཡིན་ནམ།

གཤམ་དུ་ཡོད་པའི་བརྙན་པར་དེ་ནི་རྒྱ་གར་ཀ་ལོན་བུག་དུ་ཤོག་བུ་བཟོ་ཞིང་པའི་པར་རེད་འདུག འགྲེལ་བཤད་རྒྱབ་མཁན་ལྟར་ན་ཤོག་བུ་དེ་རྣམས་འབྲུག་ཡུལ་དུ་དཔེ་ཆ་པར་རྒྱབ་ཆེད་འཁྱེར་གྱི་ཡོད་འདུག ཤོག་བུ་དེ་མདོག་ལ་བོད་ཤོག་ཟེར་བ་དེ་འདྲ་པོ་འདུག དེ་སྔ་ཀ་ལོན་བུག་དུ་བོད་ཤོག་བཟོ་བཞིན་ཡོད་པའི་སྐོར་གུས་པར་ཞུ་རྒྱུ་མེད་པས་དེ་བོད་ཤོག་ཡིན་ནམ་བསམ་བྱུང་། སྔ་མོ་བོད་པས་བོད་ཤོག་བཟོ་སྟངས་དེ་འདྲ་ཡིན་ནམ།

རྒྱ་ནག་གི་བོད་ཐོག་སྲིད་བྱུས་ག་རེ་ཡིན་ནམ།

eagle_small

ད་རེ་ཨ་རི་བོད་སྐད་རྒྱང་སྲིང་ཁང་གི་ཀུན་གླེང་ལས་རམ་ཡོང་རོགས་གསུངས་པ་ལྟར་བཅར་བ་ཡིན། བརྗོད་གཞི་ནི་ཉེ་འཆར་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོངས་མཉམ་སྦྲེལ་གྱི་རྒྱ་ནག་ཐོག་ཞིབ་དཔྱོད་ལྷན་ཚོགས་ནས་ལོ་འདིའི་རྒྱ་ནག་ཐོག་སྙན་ཐོ་སྟོན་པ་དེ་རེད་འདུག ལྷན་ཚོགས་དེ་༢༠༠༠ ལོར་གཙུགས་པ་དང་དེའི་ལས་འགན་ནི་རྒྱ་ནག་གནས་སྟངས་ལ་ཞིབ་འཇུག་གིས་ལོ་རེར་ཨ་རི་སྲིད་འཛིན་དང་གྲོས་ཚོགས་ལ་སྙན་ཐོག་འབུལ་དགོས་ཀྱི་ཡོད་པ་དང་། དེ་བཞིན་གནས་དོན་ལ་ཞིག་པའི་སློབ་སྟོན་ཡང་ཕུལ་དགོས་ཀྱི་ཡོད་། ད་རེས་སྙན་ཐོ་ནང་བོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད་དམིགས་གསལ་གྱི་བོད་ཐོག་ཡིག་ཆ་ཐ་དད་ཞིག་ཀྱང་འགྲེམས་སྤེལ་གནང་སོང་། ཡིག་ཆ་དེའི་ནང་རྒྱ་ནག་གཞུང་གི་བོད་ཀྱི་ཆོས་ལུགས་སྲིད་བྱུས་དེ་བོད་མི་དང་༧གོང་ས་མཆོག་དབར་གྱི་འབྲེལ་བ་རྒྱང་ཐག་རིང་དུ་གཏོང་གི་ཡོད་པ་དང་། ཡང་༧གོང་ས་མཆོག་གི་སྐུ་ཚབ་ནས་རྒྱ་ནག་གཞུང་ལ་བོད་སྐོར་ཡིག་ཆ་གནང་བ་དེ་ནི་རྒྱ་བོད་གཉིས་ཀྱི་བཀའ་མོལ་གནང་རྒྱུའི་གཞི་རྩ་བཞག་དགོས་ཀྱི་འདུག་པའི་འདུན་པ་སྟོན་གནང་འདུག
དེ་བཞིནདྲིན་དུ་ནས་ལྷ་ས་བར་གྱི་རི་ལི་ལྕགས་ལམ་དེས་བོད་མིའི་སྤྱི་ཚོགས་ལ་ཉན་ཁ་ག་རེ་ཡོང་སྲིད་མིན་ཐོག་ཡང་བཀོད་འདུག ཡིག་ཆ་རྒྱས་པ་ལ་ཐུགས་ཞིབ་གནང་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན།

བོད་མི་ཕན་ཚུན་ངོ་མ་ཤེས་པ་གཉིས་ཐུག་ན་སྐད་ཆ་ག་རེ་ཤོད་དམ།

ཉི་འོང་བརྙན་འཕྲིན་ཁང་ཨེན་ཨེ་ཅི་ཀེའི་ཁུལ་ཇ་པའན་གྱི་གཙོ་སྐྱོང་པ།

ཉེ་ཆར་ཉེ་འོང་བརྙན་འཕྲིན་ཁང་ཨེན་ཨེཅི་ཀེ་ཡི་ཁུལ་ཇ་པའན་ཞེས་པའི་ལས་རིམ་ཞིག་ནང་ཉི་འོང་དུ་ཡོད་པའི་ཕྱི་རྒྱླལ་མི་འགའ་ཞིག་དང་བཀའ་མོལ་རྒྱུད་ཉི་འོང་མི་དང་ཕྱི་རྒྱླལ་བའི་དབར་གཤིས་སྤྱོད་ཁྱད་པར་ཡོད་མིན་ཐོག་འགྲེལ་བརྗོད་བྱས་སོང་།
ལས་རིམ་དེ་མཐོང་རྗེས་གུས་པར་ཉི་འོང་པ་དང་བོད་མིའི་དབར་གཤིས་སྤྱོད་འདྲ་པོ་ཡོད་རེད་ཟེར་བ་དེའི་ར་སྤྲོད་བྱུང་།
ལས་རིམ་དེས་གནས་ལུགས་དེ་སྙིིང་རྗེ་པོའི་ཐོག་ནས་སྟོན་གནང་སོང་། ཉི་འོང་བ་ཕན་ཚུན་ངོ་མ་ཤེས་པ་གཉིས་ཁང་མིག་གཅིག་ནང་སྡོད་ཅུག་ནས་སྐད་ཆ་ཤོད་བཅུག་སོང་འ དེ་བཞིན་ཕྱི་རྒྱལ་བ་ཕན་ཚུན་ངོ་མ་ཤེས་བ་གཉིས་མཉམ་ཁང་མིག་གཞན་གཅིག་ནང་བཞག་ནས་སྐད་ཆ་ཤོད་བཅུག་སྐབས། ཉི་འོང་པ་གཉིས་ནས་ཐོག་མར་གནམ་གཤིས་ལྟ་བུའི་ཐོག་སྐད་ཆ་ཤོད་རྗེས་གང་མཚམས་ཞིག་ནས་སྐད་ཆ་བཤད་རྒྱུ་མེད་པ་ལྟ་བུ་ཆགས་སོང་། འོན་ཀྱང་ཕྱི་མི་བ་དེ་ཚོར་དཀའ་ངལ་དེ་འདྲ་བྱུང་མ་སོང་། རྗེས་སུ་བརྙན་འཕྲིན་ལས་བྱེད་ཞིག་ནས་གལ་ཏེ་ཉི་འོང་པ་གཉིས་ཕ་ཡུལ་གཅིག་པ་ནས་ཡིན་ན་ཕན་ཚུན་ངོ་མ་ཤེས་ནའང་སྐད་ཆ་མང་པོ་བཤད་རྒྱུ་ཡོད་རེད་གསུངས་སོང་།