གསུམ་དྲུག་དགུ་རྩེ་འདོད་ཡོད་དམ།

འདས་པའི་ལོ་ཤས་ནང་ཉི་འོང་ནས་དར་བའི་ཀླད་པའི་རྩེད་མོ་སུ་སྒྲོ་ཀུ་(Sudoku)ཟེར་བ་ཞིག་འཛམ་གླིང་ཡོངས་སུ་དར་སྲོལ་ཆེན་པོ་བྱུང་བཞིན་ཡོད་། རྩེད་མོ་འདི་ནི་ཨང་ཀའི་རྩེད་མོ་ཡིན་པ་དང་དེའི་ལོ་རྒྱུས་ལ་གཟིགས་ན་དེའི་འབྱུང་ཁུངས་ནི་༡༩༧༠གཡས་གཡོན་ལ་”ཨང་ཀིའི་ས་ཆ་”ཟེར་བ་ཞིག་ཡིན་འདུག རྩེད་མོ་འདི་སྐད་གྲགས་༡༩༨༤ལོར་ཉི་འོང་པར་སྐྲུན་ཁང་ཞིག་ནས་བཟོས་འདུག སུ་སྒྲོ་ཁོ་ཟེར་བའི་ཐ་སྙད་དེ་ཡང་ཉི་འོང་དུས་དེབ་ཞིག་གི་རྩོམ་སྒྲིག་པ་ཞིག་ནས་བཏགས་འདུག དེ་ནི་ཉི་འོང་སྐད་ནང་ཨང་ཀི་ཚང་མ་རྐྱང་པ་ཡིན་དགོས་ཟེར་བ་དེ་མིང་བསྡུས་བྱས་པ་རེད་འདུག
རྩེད་མོ་དེ་ཨ་མེ་རི་ཀར་༢༠༠༥ལོར་སླེབས་ནས་ད་ཆ་མི་མང་པོ་ཞིག་གིས་རི་ལི་དང་གནམ་གྲུ་ནང་བསྐྱོད་སྐབས་དང་དུས་ཚོད་སྟོང་པ་ཡོད་ཚད་ལ་རྩེ་བཞིན་ཡོད་། ཉིན་ལྟར་རི་ལི་ནང་ལས་ཁུངས་སུ་བསྐྱོད་སྐབས་ངས་མི་མང་པོས་ཚགས་པར་ནང་ཡོད་པའི་སུ་སྒྲོ་ཁོའི་འགེང་ཤོག་འགེང་བཞིན་ཡོད་པ་མཐོང་གི་འདུག ང་རང་ཡང་རྩེད་མོ་འདིར་དགའ་མོས་ཡོད་པས་ཉིན་ལྟར་རྩེ་ཐབས་བྱེད་ཀྱི་ཡོད་། Continue reading “གསུམ་དྲུག་དགུ་རྩེ་འདོད་ཡོད་དམ།”

Advertisements

ཁ་སང་དཔྱིད་ཀའི་ལོ་གསར་ལ་འཁྲབ་སྟོན་ཞིག

ཁ་སང་ཚེས་༢༥་ནི་ལྷོ་ཤར་ཨེ་ཤི་ཡའི་མི་རིགས་འགའ་ཞིག་གི་ལོ་གསར་རེད་། དེའི་ནང་ཁོ་རི་ཡ་དང་། ཝི་ཡེ་ཏི་ནམ། ཐ་ཡེ་ལེན་གྲི་བཅས་ཡོད་།  འོན་ཀྱང་འཛམ་གླིང་ས་ཆ་མང་པོར་དེ་ནི་རྒྱ་རིགས་ཀྱི་ལོ་གསར་རེད་ཞེས་བཤད་སྲོལ་ཆགས་ཡོད་།
གང་ལྟར་ཝ་ཤིང་ཀྲོན་ནང་ཡོད་པའི་འགྲེམས་སྟོན་ཁང་ཞིག་ནས་ཚེས་༢༤་རེ་གཟའ་སྤེན་པ་ཉིན་རྒྱ་མིའི་ལོ་གསར་དང་བསྟུན་ནས་འཁྲབ་སྟོན་སྣ་ཚོགས་བྱས་པ་ཞིག་ཡོད་པའི་ཁྱབ་བསྒྲགས་བྱས་འདུག་པས་དེར་ཁོ་བོའི་བུ་འཁྲིད་ནས་ཕྱིན་པ་ཡིན།

འཁྲབ་སྟོན་གནང་མཁན་ནི་ཝར་ཇི་ནི་ཡར་ཡོད་པའི་རྒྱ་རིགས་ཚོགས་པ་ཞིག་གི་ཚོགས་མི་རེད་འདུག དེར་ཡོང་བསྒྲགས་ཡིན་པ་སེང་གེ་འཁྲབ་སྟོན་དང་དེ་བཞིན་ལུས་བརྩལ་འགྲེམས་སྟོན་བྱས་སོང་། འཁྲབ་སྟོན་ངོ་སྤྲོད་གནང་མཁན་ནས་ད་བོད་པའི་འཁྲབ་སྟོན་ཞིག་ཡོད་ལབ་སོང་བས་བུས་ལམ་སང་གུས་པར་བལྟས་བྱུང་། ང་གཉིས་བསམ་བློ་ཅིག་པ་འཁོར་མེད་དམ། བོད་གཞས་འཁྲབ་མཁན་སུ་ཡིན་ནམ། བུ་མོ་ཆུང་ཆུང་གཉིས་འདུག Continue reading “ཁ་སང་དཔྱིད་ཀའི་ལོ་གསར་ལ་འཁྲབ་སྟོན་ཞིག”

ཨ་མེ་རི་ཀའི་སྤྱི་ཚོགས་ལ་ཡུད་ཙམ་དཔྱད་ཞིབ་བྱེད་ན།

ཨ་མེ་རི་ཀའི་སྤྱི་ཚོགས་དེ་བཞིན་འདས་པའི་ལོ་ཉི་ཤུའི་ནང་རྒྱུར་བ་ཆེན་པོ་ཕྱིན་ཡོད་པའི་མཐོང་སྣང་ཡོང་གི་འདུག  ལོ་རྒྱུས་ཐོག་ཨ་མེ་རི་ཀ་ནི་མི་རིགས་འདྲ་མིན་དང་རིག་གཞུང་མང་པོ་གཅིག་ཏུ་བསྒྱུར་བའི་སྤྱི་ཚོགས་ཡིན་པའི་བོས་འཛིན་ཡོད་། དེ་ཡང་དབྱིན་སྐད་ཐོག་ཨ་མེ་རི་ཀིའི་སྤྱི་ཚོགས་དེ་ནི་མེལ་ཀྲིང་པོརཀྲ་(Melting Pot)རེད་བརྗོད་སྲོལ་ཡོད །  དེའི་རྒྱུ་མཚན་ནི་དེ་སྐབས་ཨ་མེ་རི་ཀའི་མིའི་བསམ་འཚུལ་ལ་གལ་ཏེ་ཕྱི་མི་སུ་ཞིག་འདི་གར་གཏན་སྡོད་བྱེད་འདོད་ཡོད་ན་དེས་ཐོག་མ་ཉིད་ནས་སོ་སོའི་རིག་གཞུང་དང་ངོ་བོ་དེ་ཨ་མེ་རི་ཀའི་ངོ་བོར་བསྒྱུར་དགོས་ཀྱི་ཡོད་པ་དེ་གལ་ཆེ་ཡིན་པ་བརྩིས་ཡོད་། དེ་འདྲ་སོང་ཙང་མི་རིགས་ནག་པོ་ཚོས་སོ་སོའི་རིག་གཞུང་དོར་དགོས་པ་ཆགས་ཡོད་།

 བར་སྐབས་ཞིག་ནས་ལྷོ་ཨ་མེ་རི་ཀ་ནས་སེ་པེ་ནི་ཤི་མི་རིགས་ཕོན་ཆེན་པོ་སླེབས་པ་དང་ཁོང་ཚོས་རང་ཉིད་ཀྱི་སྐད་དང་བཅས་པའི་ངོ་བོ་སྲུང་སྐྱོབས་བྱས་པའི་རྐྱེན་རིམ་བཞིན་དབྱིན་སྐད་ཁོ་ནའི་རྒྱལ་ཁབ་དེ་སྐད་གཉིས་ལྡན་རྒྱལ་ཁབ་ལྟ་བུ་ཆགས་འདུག ཨ་མེ་རི་ཀའི་གཞུང་ནས་ཀྱང་དངོས་ཡོད་གནས་ཚུལ་ངོས་འཛིན་ནས་གཞུང་འབྲེལ་ཡིག་ཆ་མང་པོ་དབྱིན་ཡིག་མཉམ་དུ་སེ་པེ་ནི་ཤི་སྐད་དུའང་སྟོན་གནང་སྒོ་ཚུགས་འདུག དེ་ནས་ཨེ་ཤི་ཡ་ཁུལ་ནས་ལྷག་པར་དུ་ཤེས་ཡོན་ཅན་ཡིན་པ་མང་པོ་ཨ་མེ་རི་ཀར་གཏན་སྡོད་གནང་སྒོ་ཚུགས་ནས་དེ་སྣམས་ནས་སོ་སོའི་ངོ་བོ་ཐ་དད་ཉར་བཞིན་གནས། དེའི་ནང་གྲངས་འབོར་ཁྲི་ཙམ་ཡོད་པའི་བོད་མིའང་ཡོད་། གང་ལྟར་དེ་འདྲའི་གནས་སྟངས་འོག་ད་ཆ་ཨ་མེ་རི་ཀ་ནི་མི་རིགས་མང་ཞིང་། སྐད་རིགས་མང་བ་དང་། ཡིག་རིགས་མང་བ་བཅས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་། དེ་ནི་ལེགས་པའི་རང་བཞིན་རེད་བསམ་གྱི་འདུག

སྲིད་འཛིན་ཨོ་སྦ་མའི་སྐོར་སྐྱར་དུ་གླེང་བ།

ཁ་སང་ངོ་ཤེས་འགའ་ཞིག་ལྷན་སྲིད་འཛིན་ཨོ་སྦ་མའི་སྐོར་བཀའ་མོལ་བྱུང་བའི་སྐབས་ཁོང་བོད་མི་དང་དམིགས་བསལ་འབྲེལ་བ་ཡོད་པའི་སྐོར་གོ་བྱུང་།

སྔོན་ནས་མཁྱེན་དགོས་ཡག་ལ་གཤམ་འཁོད་ཁག་བདེན་པ་ཡིན་དགོས་པའི་ཁྱབ་པ་མེད་།གོ་ཡག་གཅིག་ལ་ཨོ་སྦ་མ་ནི་འོད་དཔག་མེད་རྣམ་སྤྲུལ་རེད་འདུག་གང་ཡིན་ཟེར་ན་མཚན་དེ་གཉིས་འདྲ་པོ་ཡོད་།  ཡང་བོད་ནང་འགའ་ཞིག་གིས་ཁོང་ཨ་ཁུ་པད་མ་རེད་ཟེར།  དེ་ཡང་མཚན་གཉིས་འདྲ་པོ་ཡོད་པའི་རྐྱེན་ཡིན་འདུག

གང་ལྟར་སྔར་སྲིད་འཛིན་འཇི་མིའི་ཀར་ཀྲར་ལ་བོད་མི་འགའ་ཞིག་ནས་ཁོང་ནི་འཇིགས་མེད་རེད་གསུངས་མཁན་བྱུང་སོང་།

སྲིད་འཛིན་ཨོ་སྦ་མའི་གསུང་བཤད་སྐོར་གླེང་བ།

ང་ཚོ་ཨ་མེ་རི་ཀའི་སྲིད་འཛིན་གསར་པ་སྦ་རག་ཨོ་སྦ་མའི་ཟླ་༡་ཚེས་༢༠་ཉིན་གྱི་དམ་བཅའ་འབུལ་རྗེས་ཀྱི་གསུང་བཤད་དེ་ནི་དེང་སང་འཛམ་གླིང་ཡོངས་སུ་གླེང་མོལ་གནང་བཞིན་པ་རེད་། ཐོག་མར་ཞུ་ཡག་ལ་ང་རང་ཝ་ཤིང་ཀྲོན་མངའ་ཁུལ་དུ་གནས་ཡོད་ཀྱང་ཉིན་དེར་སྤྱི་ཡོངས་དམ་སྒྲགས་ཆེན་པོའི་རྐྱེན་གྱི་ལས་རིམ་ཚང་མ་བརྙན་འཕྲིན་ཐོག་ནས་མཉམ་བཞུགས་བྱས་པ་ཡིན།

སྲིད་འཛིན་༤༤པའི་གྱི་གསུང་བཤད་དེ་ནི་ལོ་རྒྱུས་ལྡན་པ་ཡོང་རྒྱུ་གང་ཡང་མིན་འདུག་སམས་བྱུང་། དཔེར་ན་སྲིད་འཛིན་༣༢་པ་ཕེ་རིན་ཀི་ལིན་རུ་སུ་ཝེལ་ཀྲི་ནས་༡༩༣༣་ལོའི་གསུང་བཤད་ནང་དེ་འདྲ་སོང་ཐོག་མར་ངས་ཡིད་ཆེད་རྟན་པོ་ཡོད་པའི་གནད་དོན་ནི་ང་ཚོས་འཇིགས་སྣང་སྐྱེས་དགོས་པའི་དོན་ཁོ་ན་དེ་ནེ་འཇིགས་སྣང་རང་རེད་གསུངས་པ་དེ་ད་དུང་འཛམ་གླིང་ཡོང་ལ་ཁྱབ་སྡད་ཡོད་། དེ་བཞིན་སྲིད་འཛིན་༣༥་པ་ཇོན་ཀེ་ནི་སྒྲིའི་གསུང་བཤད་དེ་ནི་༡༩༦༡་ལོར་གནང་བ་ཡིན་རུང་ད་དུང་ཡང་དྲན་གསོ་གནང་བཞིན་པ་རེད་། དེ་གང་ཡིན་ཟེར་ན་གསུང་བཤད་དེའི་ནང་ཁོང་ནས་ཁྱེད་ཀྱི་རྒྱལ་ཁབ་ནས་ཁྱེད་ལ་གང་གནང་ཐུབ་བམ་ཟེར་བའི་དྲི་བ་དྲི་རྒྱུ་མེད་། ཁྱེད་ནས་ཁྱེད་ཀྱི་རྒྱལ་ཁབ་ལ་གང་བྱེད་ཐུབ་བམ་ཟེར་བའི་དྲི་བ་དེ་དྲིས་དགོས་གསུངས་ཡོད་།

འོན་ཀྱང་སྲིད་འཛིན་ཨོ་སྦ་མའི་གསུང་བཤད་ནང་དོན་གནས་འགའ་ཞིག་ཐུགས་སྣང་དགོས་པ་དེ་འདྲ་འདུག གཅིག་ནི་འདས་པའི་མི་རབས་ཚོས་དམར་པོའི་རིང་ལུགས་ལ་ཁ་གཏད་གཅོག་པ་དེ་རེད་། དེ་བཞིན་་འཛམ་གླིང་དབུ་འཁྲིད་ཁག་ནས་བསམ་ཚུལ་མ་མཐུན་པ་སྟོན་མཁན་ཚོར་དམ་སྒྲགས་བྱས་པ་དེ་ནི་ལོ་རྒྱུས་ཀྱི་ནོར་བའི་ཕྱོགས་ལ་གནས་ཡོད་རེད་གསྱངས་པ་དེ་རེད་།

ཁོང་གི་གསུང་བཤད་ནང་འདོད་བློ་མ་ཁེངས་པ་གཅིག་ནི་ཨ་མེ་རི་ཀར་ནང་ཆོས་ཉམས་ལན་་བྱེད་མཁན་དེ་ཚོ་བརྩིས་མེད་བཏང་བ་ལྟ་བུ་བྱུང་བ་དེ་ཡིན། ཁོང་གི་གསུངས་ཡག་ལ་ང་ཚོ་ནི་ཡེ་ཤུ་དང་། ཁ་ཆེ། རྗེ་ཝུ། ཧིན་རྡུ་དང་ཆོས་ཁས་མ་ལེན་མཁན་ཚོའི་རྒྱལ་ཁབ་ཡིན་གསུངས་སོང་། ཁོང་ནས་ནང་པ་མ་གསུངས་པ་དེ་ནི་བརྩིས་ནོར་ཤོར་བ་མིན་ནམ་གང་ཡིན་ཟེར་ན་མི་འབོར་ཆ་ནས་ཨ་མེ་རི་ཀར་ནང་པ་ཡིན་ཟེར་མཁན་གྱི་རྒྱ་ཆ་༼༠༧༽ཁ་ཆེ་ཡིན་༼༠༦༽་ལས་མང་བ་ཡོད་འདུག་

ཨ་མི་རི་ཀ་ཁུ་ཤིའི་ལུང་པ་རེད་འདུག

སྤྱིར་བཏང་བོད་མིའི་ཁ་རྒྱུན་ལ་རྒྱ་གར་ཁུ་ཤི་ལུང་པ་ཞེས་རྒྱ་གར་ནང་སྣང་བ་གང་དྲན་བྱེད་ཆོག་པ་ལྟ་བུ་བཤད་སྲོལ་ཡོད་། དེ་ནི་གཅིག་ནས་རྒྱ་གར་ནང་རང་དབང་ཡོད་པར་མཐོང་ཆེན་དང་དང་གཉིས་ནས་ཤུགས་ཀྱི་བོད་ནང་དེ་འདྲ་བའི་གནས་སྟངས་མེད་པ་སྟན་པ་ལྟ་བུ་རེད་སམས་ཀྱི་འདུག

འོན་ཀྱང་ཨ་མི་རི་ཀའི་གནས་ཚུལ་ལ་བལྟས་ན་རང་དབང་ཚད་ལས་རྒལ་བའི་ལུང་པ་དེ་ནི་ཨ་མི་རི་ཀ་མིན་ནམ།  དཔེར་ན་དེང་སང་གནས་ཚུལ་གཅིག་དོན་ཡག་ལ་སྐུ་ཞབས་ཨོ་སྦ་མས་ཚེས་༢༠་ཉིན་ཨ་མི་རི་ཀའི་སྲིད་འཛིན་གྱི་དམ་འབུལ་ཞུས་སྐབས་དེ་སྔ་སྲིད་འཛིན་འགའ་ཞིག་གི་ལུགས་སྲོལ་ལྟར་དམ་བཅའི་འཇུག་དུ་’དེ་བཞིན་དཀོན་མཆོག་ནས་རོགས་སྐྱོར་གནང་རོགས་’ཞེས་འཇུག་བསྡོམས་གནང་འཆར་ཡོད་འདུག་པས། དེ་འདྲ་བའི་དཀོན་མཆོག་གི་མཚན་དང་སྤྱིར་ཆོས་གཞུང་གི་འགྲོ་ལུགས་ནང་འཁྱེར་ཆོག་གི་མེད་པ་དང་དེ་བཀག་གནང་དགོས་པའི་ལས་འགུལ་སྤེལ་མཁན་འགའ་ཞིག་ནས་ཁྲིམས་བཏུགས་བྱས་འདུག འོན་ཀྱང་ཁ་སང་ཁྲིམས་ཁང་ནས་དེ་བཀག་གནང་ཐུབ་ཀྱི་མེད་པའི་ཐགས་གཅོད་གནང་འདུག
Continue reading “ཨ་མི་རི་ཀ་ཁུ་ཤིའི་ལུང་པ་རེད་འདུག”

བརྩེ་བའི་ཨེ་མི་ལགས་སུ།

ད་ཉིན་ཚགས་པར་དེ་མཐོང་སྐབས་རྩོམ་རིགས་གཅིག་རྐྱེན་གཤམ་འཁོད་བསམ་བློ་འཁོར་བྱུང་། ཨ་མེ་རི་ཀའི་ཉིན་རེའི་གསར་ཤོག་དང་དུས་དེབ་འགའ་ཞིག་ནང་ཡོད་པའི་རྩོམ་རིགས་གཅིག་ནི་མང་ཚོགས་ནས་གནས་དོན་སྣ་ཚོགས་ཐོག་འབྲེལ་ཡོད་ཤིག་ལ་བཀའ་དྲི་ཞུ་བ་དེ་རེད་། དེ་ཚོའི་ནང་ནས་སྐད་བསྒྲགས་ཡོད་པ་གཅིག་ནི་སྒྲི་ཡར་ཨེ་མི་ (Dear Amy) ཟེར་བ་དེ་རེད་། སྒྲི་ཡར་ཨེ་མི་བོད་སྐད་ཐོག་ཞུས་ན་ཕལ་ཆེར་བརྩེ་བའི་ཨེ་མི་ཞུས་ཆོག གནས་བྲིས་དེ་ཚོའི་ནང་ཀློག་པ་པོ་ནས་ནང་མིའི་དཀའ་ངལ་དང་། ཁྱིམ་མཚེས་ཀྱི་བྱ་སྤྱོད་། གྲོགས་པོ་གྲོགས་མོའི་སྤྱོད་འཚུལ་ལ་སོགས་པའི་སྙིང་གཏམ་ཤས་ནས་དེ་ཚོའི་ཐོག་སློབ་སྟོན་ཞུས་ཀྱི་འདུག  དཔེར་ན་་བཀའ་དྲི་ཞུ་མཁན་གཅིག་ནས་ཁོ་རང་གི་གྲོགས་མོ་དེ་བར་སྐབས་ཤིག་ནས་ལུས་རྒྱགས་པ་ཆགས་ཡོད་པ་དང་དེས་ཁོང་གཉིས་ཀྱི་འབྲེལ་བར་དཀའ་ངལ་བཟོས་ཀྱི་ཡོད་པའི་སྐོར་འདུག ཡང་གཞན་ཞིག་ནས་ཁོང་དང་ཁོང་གི་སྐུ་ཟླ་ཁྱིམ་ཚེ་ནང་མི་ཞིག་དང་འབྲེལ་བ་ཡག་པོ་ཡོད་པ་དང་ཕན་ཚུན་མགྲོན་འབོད་བྱེད་རིགས་ཡོད་འདུག འོན་ཀྱང་བར་སྐབས་ཤིག་ནས་ཁྱིམ་ཚེས་ནས་ཞལ་ལག་ཡག་པོ་ཟོས་ཀྱི་མེད་པ་དེས་འབྲེལ་བར་དཀའ་ངལ་ཡོད་པའི་སྐོར་འདུག  ཡང་གཞན་ཞིག་ནས་ཁོང་གི་བུ་མོའི་མཛའ་གྲོགས་དེ་ཕལ་ཆེར་རྐུ་མ་ཡིན་ས་རེད་པས་དེ་ཐོག་ག་རེ་བྱེད་དགོས་མིན་སློབ་སྟོན་ཡོང་བ་འཁོད་འདུག
Continue reading “བརྩེ་བའི་ཨེ་མི་ལགས་སུ།”

སྲིད་འཛིན་སྦུ་༷༷ཤི་གསར་འགོད་ལྷན་ཚོགས་མཐའ་མ་དེ་མཐོང་བྱུང་།

ད་རང་ལས་ཁུངས་ཀྱི་ཕྱིར་ཚོགས་འདུ་ཞིག་ཡོད་སྟབས་གུས་རང་ཁྱིམ་དུ་ཡུད་ཙམ་སྡད་ཡིན། དེ་དུས་བརྙན་འཕྲིན་ནང་སྲིད་འཛིན་སྦུ་ཤི་ཡི་གསར་འགོད་ལྷན་ཚོགས་ཤིག་ཚུགས་པའི་སྐབས་རེད་འདུག། འགྲེལ་བརྗོད་གནང་ཡག་ལ་དེ་ནི་ཁོང་གི་སྲིད་འཛིན་ཐུགས་འགན་མ་ཁྱུར་གོང་གི་གསར་འགོད་ལྷན་ཚོགས་མཐའ་མ་དེ་ཡིན་འདུག Continue reading “སྲིད་འཛིན་སྦུ་༷༷ཤི་གསར་འགོད་ལྷན་ཚོགས་མཐའ་མ་དེ་མཐོང་བྱུང་།”

ད་ལོའི་སུ་པར་སྦོཝལ་སུ་ལ་ཐོབ་བམ།

ཨ་མེ་རི་ཀའི་ལོ་རེའི་རྩེ་མོའི་ལས་རིམ་ནང་སྦོལ་(American Football)

གྱི་འགྲན་སྡུར་སུ་པར་སྦོཝལ་ཟེར་བ་དེ་སྐད་བསྒྲགས་ཆེ་ཤོས་ཤིག་རེད། དེ་ནང་བཞུགས་མཁན་རུ་ཁག་རྣམས་ནི་སྡེ་མཚན་གཉིས་ནས་ཡོང་གི་ཡོད་པ་དང་དེང་སང་སྔོན་འགྲོའི་འགྲན་སྡུར་གནང་བཞིན་པ་རེད། ཁ་སང་སྦལ་ཀྲི་མོར་རེ་ཝེན་དང་ཀྲེ་ནི་སི་ཀྲ་ཡེ་ཀྲན་དབར་འགྲན་སྡུར་ནང་རེ་ཝེན་ཐོབ་པ་དང་། དེ་བཞིན་ཁེ་རོ་ལ་ཡེ་ན་པེན་ཐར་དང་ཨ་རི་ཛོ་ན་ཁར་སྒྲི་ནལ་གཉིས་དབར་ཁར་སྒྲི་ནལ་ཐོབ་སོང་། འགྲན་སྡུར་མཐའ་མ་དེ་ཕོ་ལི་སྒྲའི་ཏམ་པ་སྦེར་ཟླ་༢ཚེས་༡ལ་གནང་གི་ཡོད་རེད་། Continue reading “ད་ལོའི་སུ་པར་སྦོཝལ་སུ་ལ་ཐོབ་བམ།”

ཨ་མེ་རི་ཀའི་སྲིད་འཛིན་འོས་འདེམས་འགྲོ་ལུགས་ཕྲན་བུའི་ཁྱད་ཚར་པོ་འདུག

ཁྱེད་རྣམས་ནས་ཐུགས་སྣང་བྱུང་ཡོད་མེད་གང་ཞིག་སྟེ་ཁ་སང་ཕྱི་ཟླ་༡་ཚེས་༨་ཉིན་ཨ་མེ་རི་ཀའི་གྲོས་ཚོགས་ནང་དུ་སྐུ་ཞབས་ཨོ་སྦ་མ་སྲིད་འཛིན་དུ་འོས་འདེམས་བྱུང་བའི་དངོས་གཞིའི་གསལ་བསྒྲགས་དེ་གཞི་ནས་ད་ཡོད་སྲིད་འཛིན་གཞོན་པ་སྒྲིག་ཆེ་ནི་མཆོག་ནས་གནང་སོང་། ཚང་མའི་སྣང་བ་ལ་ཨོ་སྦ་མ་ནི་༢༠༠༨་ལོའི་ཟླ་བ་༡༡་ཚེས་༤་ཉིན་འོས་འདེམས་བྱུང་བ་རེད་དེ་དོན་དངོས་ཐོག་དེ་ནི་མང་ཚོགས་ཀྱི་འོས་འདེམས་ལས་རིམ་ཁོ་ན་ཡིན། ཁྲིམས་ཐོག་ཁོང་སྲིད་འཛིན་འོས་འདེམས་གནང་མཁན་ནི་མི་གྲངས་༥༣༨་ལས་སྒྲུབ་པའི་འོས་འདེམས་པའི་ཚོགས་པ་ཞིག་ནས་གནང་དགོས་ཡོད། ཁོང་རྣམས་པའི་འོས་འདེམས་ཕྱོགས་བསྡོམས་དེ་ཨ་མེ་རི་ཀའི་གྲོས་ཚོགས་ནས་གནང་དགོས་པའི་ལས་རིམ་དེ་ཁ་སང་མ་གཏོགས་གྲུབ་མེད་པ་རེད། Continue reading “ཨ་མེ་རི་ཀའི་སྲིད་འཛིན་འོས་འདེམས་འགྲོ་ལུགས་ཕྲན་བུའི་ཁྱད་ཚར་པོ་འདུག”