གྲོས་ཚོགས་སུ་འོས་འདེམས་བྱུང་བའི་འཐུས་མི་ཚོས་ཕྱག་ལས་གནང་སྐབས་དགོངས་པར་བཞེས་དགོས་པའི་གནད་དོན།

བདུན་ཕྲག་འདིར་འདི་ག་ཨ་རིའི་རྒྱལ་ས་ཝ་༷ཨིང་ཊོན་དུ་ཉེ་ཆར་གསར་དུ་འོས་འདེམས་བྱུང་བའི་འཐུས་མི་ཚོར་གྲོས་ཚོགས་ཀྱི་འགྲོ་ལུགས་ཐོག་གི་ཟབ་སྦྱོང་གནང་འགོ་བཙུགས་འདུག ཟབ་སྦྱོང་དེ་རིགས་ནི་སྥྱི་པའི་ལས་དོན་བྱེད་མཁན་ཚོར་མེད་དང་མི་རུང་བའི་སློབ་གསོའི་ལས་རིམ་ཤིག་རེད་། ང་ཚོ་བོད་མིའི་གྲོས་ཚོགས་ནས་ཀྱང་འཐུས་མི་གསར་པ་ཚོར་ཟབ་སྦྱོང་ཞིག་གནང་གི་ཡོད་པ་ཐོས་མྱོང་།

ཟབ་སྦྱོང་དེའི་ཐོག་འཐུས་མི་གསར་པ་ཚོས་ཉིན་རེའི་བྱེད་སྒོའི་སྐབས་དགོངས་པ་བཞེས་དགོས་པའི་དོན་མང་པོ་ཡོད་། ཁ་སང་ང་ཚོའི་ས་ཁུལ་གྱི་ཚགས་པར་ཞིག་ནང་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་ནས་གསར་པ་ཚོར་ལམ་སྟོན་འགའ་ཞིག་འབུལ་འདུག་ན་དེའི་ནང་ནས་འགའ་ཞིག་ཁྱད་ཚར་པོ་འདུག

ཁོང་གི་བསླབ་བྱའི་ནང་།

ནང་མིར་སྲུང་སྐྱོབ་གྱིས་ཤིག
སྤྱི་པའི་ལས་དོན་བྱེད་འགོ་བཙུགས་སྐབས་རང་ཉིད་ཀྱི་ནང་མིར་སྲུང་སྐྱོབ་གནང་དགོས། ནང་མི་དང་ཁ་བྲལ་ནས་གནས་མི་རུང་བས་ཁོང་ཚོ་རང་གི་ལས་ཀ་བྱེད་ཡུལ་གྱི་ས་ཁུལ་དུ་མཉམ་དུ་ཡོད་དགོ། ཁ་བྲལ་ནས་རྒྱུན་རིང་གནས་པ་ཡིན་ན་ནང་མིའི་བདེ་སྡུག་ལ་བག་ཆགས་ཆེན་པོ་ཡོང་ཉེས་རེད་།

ཉམས་མྱོང་ཡོད་མཁན་ལས་བྱེད་དགོས་གལ་ཆེན་པོ་རེད་།
རང་ཉིད་གསར་པ་ཡིན་པས་ཉམས་མྱོང་ཡོད་པའི་ལས་བྱེད་དེ་འདྲ་གླས་དགོས། ལྷག་པར་དུ་”མིན་”གསུངས་ཐུབ་མཁན་ལས་བྱེད་དགོས་ཡོད་། ”ལགས་སོ་” ཞུ་མི་ དེ་འདྲ་ཉན་ཁ་ཅན་ཡིན་པས་དོགས་ཟོན་དགོས་ཡོད་། Continue reading “གྲོས་ཚོགས་སུ་འོས་འདེམས་བྱུང་བའི་འཐུས་མི་ཚོས་ཕྱག་ལས་གནང་སྐབས་དགོངས་པར་བཞེས་དགོས་པའི་གནད་དོན།”

Advertisements

ཨ་རིའི་གྲོས་ཚོགས་”ངང་པ་རྐང་ཀྱོག་”ཚོགས་ཐེངས་ཐོག་ཆུ་བྱ་སྐོར་བཀའ་བསྡུར་གནང་ངམ།

http://israelmatzav.blogspot.com

ད་རེས་༢༠༡༠ ཟླ་༡༡ ཚེས་༡༥ ཉིན་ཨ་མེ་རི་ཀའི་གྲོས་ཚོགས་༡༡༡གི་ཚོགས་ཐེངས་གཉིས་པའི་འདུ་འཛོམས་མཐའ་མ་དེ་གནང་འགོ་བཙུགས་ཀྱི་ཡོད་རེད་། དེ་གང་ཡིན་ཞུ་ན་༢༠༡༡ཟླ་༡ཚེས་༣ནས་ཉེ་ཆར་གསར་དུ་འོས་འདེམས་བྱུང་བའི་གྲོས་ཚོགས་༡༡༢དེ་འཚོགས་འགོ་བཙུགས་གནང་རྒྱུ་ཡིན་པ་རེད་།
ཐུགས་སྣང་བྱུང་ཡོད་ན་བདུན་ཕྲག་འདིར་འཚོགས་གནང་གི་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་འདུ་དེ་ལ་ Lame Duck ”ལེམ་ཌག་”གམ་”ངང་པ་རྐང་ཀྱོག་”གི་འདུ་འཛོམས་འབོད་ཀྱི་ཡོད་རེད་། གུས་ནས་ཚིག་དེ་ཐོག་མར་མཐོང་བ་དང་གོ་བའི་སྐབས་ག་རེ་ཟེར་གྱི་ཡོད་དམ་བསམ་པ་བྱུང་། དེ་ནི་བཤད་སྲོལ་ཙམ་ལས་ཆུ་བྱ་དེ་སྐོར་བཀའ་མོལ་གནང་གི་མེད་པ་ནི་གསལ་པོ་རེད་།
བརྗོད་སྲོལ་དེའི་གོ་དོན་ག་རེ་ཡིན་ནམ། དེ་བཞིན་དེའི་འབྱུང་ཁུངས་གང་འདྲ་ཡིན་ནམ། Continue reading “ཨ་རིའི་གྲོས་ཚོགས་”ངང་པ་རྐང་ཀྱོག་”ཚོགས་ཐེངས་ཐོག་ཆུ་བྱ་སྐོར་བཀའ་བསྡུར་གནང་ངམ།”

ཨ་རིའི་འོས་བསྡུ་དང་བོད་མིར་མིག་དཔེ།

ད་རེས་ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་མཉམ་ཞུགས་བྱས་པ་ཡིན། དོ་ནུབ་དམངས་གཙོ་ཚོགས་པས་གྲོས་ཚོགས་གོང་འོག་གཉིས་ཀ་མུ་མཐུད་ནས་འཛིན་སྐྱོང་གནང་གི་ཡོད་དམ་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་མིན་ཧ་གོ་ཐུབ། སུ་ཐོབ་རུང་༢༠༡༡ ཟླ་བ་དང་པོའི་ནང་ཕྱག་ལས་དབུ་བཙུགས་ཀྱི་རེད་།
འདི་ག་ཨ་རིའི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ཆུང་ངུ་ཞིག་སྐོར་ད་རེས་འགྲེལ་བརྗོད་བྱེད་འདོད་བྱུང་། དེ་ཐོག་བོད་མིའ་འོས་བསྡུ་ནང་ཞུགས་མཁན་ཚོས་དགོངས་པ་བཞེས་དགོས་ཀྱི་འདུག འོས་འབོད་བསྐུལ་ཞུ་རྒྱུའི་དུས་ཚོད་ལ་འོས་དམིགས་ཚོས་རང་ལ་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་སྣ་ཚོགས་གནང་གི་ཡོད་། ཐབས་ལམ་གཅིག་ནི་ལམ་ཟུར་སོགས་སུ་སྦྱར་ཡིག་ལྟ་བུ་བཞག་རྒྱུ་དེ་རེད་།

ཨ་རིའི་འོས་བསྡུའི་སྐབས་ལམ་ཟུར་དུ་ཡོད་པའི་ཁྱབ་བསྒྲགས་

འོན་ཀྱང་འོས་བསྡུའི་ལས་འགུལ་གྲུབ་མཚམས་དོ་བདག་ནས་སྦྱར་ཡིག་དེ་རྣམས་ཕྱིར་བསྡུ་གནང་ནས་ས་ཁུལ་སྔར་ལྟར་གཙང་མར་བཞག་སྲོལ་འདུག གོམས་སྲོལ་དེ་ང་ཚོ་བོད་མི་ཚོས་དཔེར་བཞག་དགོས་ཀྱི་འདུག གོ་ཡག་ལ་ང་ཚོའི་གྲོས་ཚོགས་དང་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བའི་ཡིག་ཆ་མང་པོ་རྒྱ་གར་ནང་བོད་མི་གནས་ཡུལ་ས་ཁུལ་ཁག་དུ་སྦྱར་ཡོད་འདུག ང་ཚོའི་འོས་བསྡུ་གྲུབ་རྗེས་འོས་དམིགས་ཚོས་རང་གི་དྲིལ་བསྒྲགས་ཡིག་ཆ་རྣམས་གཙང་མ་བཟོ་རྒྱུའི་དགོངས་བཞེས་ཡོང་བའི་རེ་བ་ཡིན།