བོད་མིར་རོགས་པ་བྱེད་འདོད་ཡོད་ན་ར་བཟི་གནང་རོགས།

LhasaBottleCapOblique
ད་ཉིན་གྱི་གསར་འགྱུར་ནང་བོད་ནས་དོན་པའི་ནས་ཆང་ལྷ་སའི་སྦི་རག་དེ་ད་ཆ་ཨ་མེ་རི་ཀའི་ཁྲོམ་རར་ཉོ་རྒྱུ་ཡོད་པ་ཡིན་འདུག དེ་ནི་བོད་ཀྱི་ཆང་རག་ཞིག་ཨ་མེ་རི་ཀའི་ནང་ཚོང་བ་དང་པོ་ཡིན་འདུག གསལ་བསྒྲགས་དེའི་ནང་ཆང་དེའི་ཡོང་འབབ་ནས་རྒྱ་ཆ་བཅུ་ནི་བོད་ནང་རོགས་སྐྱོར་བྱེད་མཁན་གཞུང་འཛིན་མ་ཡིན་པའི་ཚོགས་པ་ཞིག་ལ་འགྲོ་རྒྱུ་ཡིན་པ་འཁོད་འདུག

གུས་ནས་ཆང་དེའི་དྲ་རྒྱ་ལ་ལྟ་སྐབས་ཨ་མེ་རི་ཀ་དང་ཡུ་རོབ་ནས་ཡིན་པའི་གཞུང་འཛིན་མ་ཡིན་པའི་ཚོགས་པ་དྲུག་ཙམ་གྱི་མིང་འཁོད་འདུག དྲ་རྒྱ་དེའི་ནང་མང་ཚོགས་ནས་ཆང་ཉོ་རྒྱུར་བསྐུལ་མ་བྱེད་ཆེད་འབོད་བསྐུལ་ཞུ་སྟངས་ནི་ “ཆང་འདི་ཁྱེད་ནས་ཉོས་ནས་བོད་མིའ་བདེ་དོན་ལ་ཕན་གྱི་ཡོད་”་གསལ་འདུག དེ་འདྲ་ཡིན་ན་བོད་མིར་ཕན་ཐོག་རྒྱུའི་ཆེད་ར་བཟི་དགོས་འདུག

Advertisements

བོད་མིས་རྒྱ་རིགས་ལ་གང་འདྲ་བྱེད་ནས་ལྟ་དགོས་སམ།

༧གོང་ས་མཆོག་ནས་ཉེ་ཆར་སུད་སིར་ཕེབས་སྐབས་གསར་འགོད་པ་འགའ་ཞིག་ལ་བཅའ་དྲི་གནང་བའི་ནང་གནད་དོན་གཅིག་ནི་བོད་མི་ཚོས་རྒྱ་རིགས་ལ་གང་འདྲ་བྱེད་ནས་ལྟ་དགོས་མིན་དེ་རེད་འདུག
ཁོང་ནས་སུད་སི་བརྙན་འཕྲིན་ཁང་དུ་བཅའ་དྲི་གནང་སྐབས་དྲི་བ་ཞིག་ནི་རྒྱ་མིར་སྙིང་རྗེ་བསྐྱེད་ཐུབ་བམ་ཞུས་སོང་། ༧གོང་ས་མཆོག་ནས་སྙིང་རྗེ་རིམ་པ་གཉིས་ཡོད་པའི་འགྲེལ་བཤད་སྐྱོན་གནང་ནས་སྤྱིར་བཏང་གི་སྙིང་རྗེ་དེ་རང་གི་དགྲར་ངོས་འཛིན་བྱེད་མཁང་ལ་བསྐྱེད་ཁག་པོ་ཡོད་པ་གསུངས་འདུག འོན་ཀྱང་སྙིང་རྗེ་རིམ་པ་ཐོ་བ་དེ་བསྐྱེད་ཐུབ་ཀྱི་ཡོད་འདུག སུད་སི་བརྙན་འཕྲིན་ཁང་གི་དྲ་རྒྱ་ཐོག་༧གོང་ས་མཆོག་སྐོར་བགྲོ་གླེང་འགའ་ཞིག་ཡང་བྱུང་འདུག
ཡང་ཁོང་ནས་དབྱིན་ཇིའི་བརྙན་འཕྲིན་སྦི་སྦི་སིའི་རྒྱ་སྐད་སྡེ་་ཚན་ལ་བཅའ་དྲི་གནང་སྐབས་ཁོང་ནས་བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་གཞུང་ནས་ནང་གི་གནད་དོན་ཡིན་པ་གསུངས་ཀྱི་ཡོད་པ་བཞིན་ང་ཚོས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད་། ཡང་ཤར་ཏུར་ཀི་སི་ཐན་ནམ་ཤིང་ཅང་ཁུལ་དུ་དྲག་པོའི་གནས་ཚུལ་བྱུང་བར་༧གོང་ས་མཆོག་ནས་མཐའ་གཅིག་ཏུ་མོས་མཐུན་མེད་ཀྱང་ཉེས་འཛུགས་ཀྱི་ཚིག་དེ་བེད་སྤྱོད་གནང་གི་མིན་གསུངས་སོང་།

བོད་གཞུང་ཟློས་གར་ལོ་༥༠འཁོར་བ།

ngonpa

ད་ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་བའི་ནང་བཞུགས་སྒར་དུ་ཡོད་པའི་བོད་གཞུང་ཟློས་གར་ཚོགས་པ་དེ་ཞིན་ལོ་༥༠ འཁོར་ཡོད་པའི་སྐོར་འདུག དེས་གུས་པར་བོད་པའི་འཁྲབ་སྟོན་སྐོར་བསམ་བློ་རྒྱུའི་གོ་སྐབས་བྱུང་།

བོད་གཞུང་ཟློས་གར་དེ་ནི་བཙན་བྱོལ་བོད་མིའི་དུས་ཚོད་དམིགས་བསལ་ཅན་གྱི་དུས་སུ་རྩ་ཛུགས་བྱུང་བ་དང་དེ་ཡང་བོད་མིའི་འཁྲབ་སྟོན་རིག་གཞུང་དེ་བཞིན་མི་ཉམས་གོང་འཕེལ་ཡོང་ཆེད་དུ་ཡིན། འདས་པའི་ལོ་༥༠ རིང་བོད་གཞུང་ཟློས་གར་གྱི་དམིགས་ཡུལ་དེ་སྒྲུབ་ཡོད་རེད་། ཟློས་གར་དབུ་འཛིན་ཕ་ཟུར་དབང་ཕྱུག་ལགས་ནས་ཁོང་ཚོས་རྒྱ་བལ་འབྲུག་གསུམ་དུས་ལྷ་མོའི་ཚོགས་པ་ཁག་བརྒྱད་ལ་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་གསུངས་འདུག་པས་དེ་ནི་དགའ་བསུ་ཞུ་འོས་པ་རེད་།

འདས་པའི་ལོ་༥༠ ནང་གུས་པས་ཧ་གོ་ཡག་ལ་ཟློས་གར་ནས་ལྷ་མོའི་གཞུང་གསར་པ་གཉིས་རྩོམ་གནང་ཡོད་། དེ་གཉིས་ནི་མི་ལ་རས་པ་དང་༧རྒྱལ་མཆོག་ལྔ་པ་ཆེན་པོ་དེ་གཉིས་རེད་། ད་དུང་ལྷ་མོ་གཞན་ཁག་གཉིས་ཡང་རྩམ་གནང་ཡོད་འདུག་དེ་གུས་ནས་དེ་ཚོ་མཐོང་མ་མྱོང་། ད་ཆ་རྩོམ་དེ་འདྲ་བ་མང་ཙམ་དགོས་ཀྱི་འདུག དེ་བཞིན་བོད་ཀྱི་གནའ་བོའི་རོལ་མོའི་རྒྱུ་རྩལ་ནང་མ་སྟོད་གཞས་དང་གར་གླུ་སོགས་ཀྱང་གསར་རྩོམ་གནང་དགོས་པའི་དུས་ལ་བབས་འདུག་པས་དེ་ཐོག་ཟློས་གར་ནས་དགོངས་ཞེས་གནང་བའི་རེ་བ་ཡོད་།

བོད་ནས་མེ་ཏོག་ཤིན་དུ་དཀོན་པ་ཞིག་རྙེད་པ།

འཛམ་གླིང་རི་སྐྱེས་སྲོག་ཆགས་མ་དངུལ་ཚོགས་པས་༢༠༠༩ ཟླ་༨ ཚེས་༡༠ ཉིན་གསར་འགོད་གསལ་བསྒྲགས་ཞིག་ནང་ཧི་མ་ལ་ཡ་ཤར་ཕྱོགས་ས་ཁུལ་དུ་དེ་སྔ་ཧ་མ་གོ་བའི་རྩེ་ཤིང་མེ་ཏོག་དང་སྲོག་ཆགས་མི་འདྲ་བ་༣༥༠ རྙེད་པའི་སྐོར་འཁོད་འདུག

བོད་ནས་རྙེད་པའི་མེ་ཏོག་གནམ་ལྕགས་འབར་བ།
བོད་ནས་རྙེད་པའི་མེ་ཏོག་གནམ་ལྕགས་འབར་བེན་སི།

གསར་དུ་རྙེད་པའི་ནང་གཅིག་ནི་བོད་ཀྱི་རི་བོ་གནམ་ལྕགས་འབར་བ་གཡས་གཡོན་དུ་ཡར་ཀླུང་གཙང་པོའི་གྲོག་ཤུར་ནས་མེ་ཏོག་ཚོན་སྔོན་པོ་ཡིན་པ་ཞིག་འདུག མེ་ཏོག་དེའི་མིང་ལ་ཨིམ་པེ་ཤེན་སི་གནམ་ལྕགས་འབར་བེན་སི་ཞེས་བཏགས་འདུག ཨིམ་པེ་ཤེན་སི་ནི་མེ་ཏོག་དེའི་རིགས་ཡིན་པ་དང་བོད་དུ་ཡོད་པའི་མེ་ཏོག་དེ་ནི་རིགས་དེའི་ནང་ནས་ཚོན་མདོག་སྔོན་ཤོས་དེ་ཡིན་འདུག མེ་ཏོག་དེ་དཀོན་པོ་ཡིན་པའི་རྒྱུ་མཚན་གང་ཡིན་གུས་ནས་གསལ་པོ་རྟོགས་ཐུབ་མ་སོང་། ས་ཆ་གཞན་དུ་མེད་པའི་རྐྱེན་གྱིས་དཀོན་པོ་ཡིན་པ་དེ་ག་རང་ཡིན་ནམ་ཡང་ན་མེ་ཏོག་དེའི་ཁྱད་ཆོས་རྐྱེན་གྱིས་དཀོན་པོ་ཡིན་ནམ།

མི་དམངས་ཉིན་རེའི་གསར་ཤོག་བོད་ཡིག་པར་ངོས་དེ་གང་འདྲ་ཡོད་དམ།

བདུན་ཕྲག་འདིའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་ནས་གནས་ཚུལ་ཡོང་བ་གཅིག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚགས་པར་མི་དམངས་ཉིན་རེའི་ཚགས་པར་དེ་བཞིན་ཟླ་བ་འདིའི་ཚེས་གཅིག་ནས་བོད་ཡིག་ཐོག་པར་འགྲེམས་གནང་འགོ་གཙུགས་ཡོད་འདུག
གུས་ནས་ལོ་མང་རིང་དབྱིན་ཡིག་ཐོག་ཡོད་པའི་མི་དམངས་ཉིན་རེའི་ཚགས་པར་ལ་དོ་སྣང་བྱས་མྱོང་བས་དེ་ནི་ཚང་མས་མཁྱེན་གསལ་ལྟར་ད་ཡོད་རྒྱ་ནག་དབང་འཛིན་པའི་མགྲིན་ཚབ་རེད་། ཚགས་པར་དེའི་ནང་གནད་དོན་གང་ཡིན་རུང་གཞུང་དང་ལྷག་པར་དུ་དམར་ཤོག་ཚོགས་པའི་དགོངས་འཚུལ་ལས་མེད་པ་མ་ཟད་སྤྱི་ཚོགས་ཀྱི་གནད་དོན་མང་པོར་འགྲེལ་བརྗོད་མེད་པ་ལྟ་བུ་རེད་།
འོན་ཀྱང་བོད་ཡིག་པར་ངོས་ཡོད་པའི་གསལ་བསྒྲགས་དེས་གུས་པར་གནད་དོན་གཉིས་ཐོག་དོ་སྣང་བསྐྱེད་གོས་པ་བྱུང་། གཅིག་ནི་ཁོང་ཚོས་གསལ་བསྒྲགས་གནང་བ་ལ། “མི་དམངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་ངོས་ཀྱི་ཚགས་པར་ནི་གཙོ་བོ་བོད་ལྗོངས་དང༌། སི་ཁྲོན། ཀན་སུའུ། མཚོ་སྔོན། ཡུན་ནན་བཅས་སུ་ཁ་ཕྱོགས་ནས་བོད་རིགས་ས་ཁུལ་དུ་འགྲེམ་རྒྱུ་རེད།” དེས་ཚགས་པར་འདི་བོད་ནང་བོད་མི་སྤྱི་ལ་ཁྱབ་པའི་བོད་ཡིག་ཚགས་པར་དང་པོ་དེ་ཆགས་པ་རེད་། གནད་དོན་གཉིས་པ་ནི་གསལ་བསྒྲགས་ནང་ “ང་ཚོས་གང་ཐུབ་བྱེད་ནས་ས་གནས་མི་དམངས་དང་འབྲེལ་བའི་གནས་ཚུལ་ཁག་དྲང་པོ་དང་དུས་ཐོག་འབུལ་རྒྱུ་ཡིན་” གསུངས་འདུག སྤྱིར་བཏང་ཚགས་པར་དེའི་ངོ་བོའི་་ཆ་ནས་དེ་འདྲ་གནང་རྒྱུ་དེ་ནི་ཡོང་ཐབས་བྲལ་བ་ཡིན་རུང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ནས་ཁས་ལེན་དེ་འདྲ་གནང་ཡོད་སྟབས་དེ་ནི་བོད་ཕྱི་ནང་གཉིས་ཀྱི་ཀློག་པ་པོ་ཚང་མས་གཟིགས་རྒྱུ་རེད་།
ད་ལྟའི་འཆར་མི་དམངས་ཉིན་རེའི་ཚགས་པར་བོད་ཡིག་པར་ངོས་དེ་དྲ་རྒྱ་ཐོག་མིན་འདུག གལ་ཏེ་དེ་བྱུང་ན་ང་ཚོས་ཐད་ཀར་ཚགས་པར་དེ་གང་འདྲ་ཡོད་མེད་བརྗོད་ཐུབ། ཁྱེད་ནས་འདི་ཐོག་ག་རེ་དགོངས་ཀྱི་འདུག་གམ།

༧རྒྱལ་བ་རིན་པོ་ཆེ་སུད་སིའི་གྲོང་ཁྱེར་ལོ་སན་དུ་ཕེབས་སྐབས་ཀྱི་བརྙན་པར་ཁག་གཅིག་

ཟླ་བ་དྲུག་པའི་ཚེས་༣ ཉིན་༧གོང་ས་མཆོག་གྲོང་ཁྱེར་ལོ་སན་གྱི་གནམ་ཐང་དུ་ཆིབས་བསྒྱུར་གནང་སྐབས་ཕེབས་སྒུག་ཞུ་མི་དང་གནམ་གྲུའི་བརྙན་པར་འདིར་གཟིགས། གནམ་གྲུ་དེ་བཞིན་སྐད་ཚར་པོ་འདུག་གམ།

དེ་ནས་༧གོང་ས་མཆོག་ཕལ་ཆེར་གསུངས་ཆོས་གནང་ཡུལ་དུ་ཕེབས་སྐབས་ཀྱི་བརྙན་པར་ཞིག