རྒྱ་གར་དང་རྒྱ་ནག་དབར་ཆོས་གྲོགས་ཀྱི་འབྲེལ་བ་ཞིག

ཟླ་བ་འདིའི་ཚེས་ ༢༡ ཉིན་རྒྱ་གར་ཕྱི་འབྲེལ་ལས་ཁུངས་ནས་ལོ་འདིའི་ནང་རྒྱ་གར་ནས་བོད་ཀྱི་གངས་རིན་པོ་ཆེར་གནས་མཇལ་ཕེབས་མི་རྒྱ་གར་བའི་མཐོ་གཞུང་དེ་གསལ་བསྒྲགས་གནང་སོང་། གངས་རིན་པོ་ཆེ་ནི་ནང་པ་དང་བོན་པོ་ཙམ་མ་ཡིན་པར་ཧིན་དུ་ཆོས་པ་ཚོས་ཀྱང་གནས་ཆེན་ཞིག་ལ་ངོས་འཛིན་གནང་གི་ཡོད་པས་ལོ་རེའི་གནས་མཇལ་ལས་རིམ་འདིར་བཞུགས་འདོད་ཡོད་མི་མང་པོ་ཡོད་། དེར་བརྟེན་འགྲོ་མི་རྣམས་ཀྱི་མཐོ་གཞུང་དེ་གློག་ཀླས་རྒྱུད་འདེམས་སྲོལ་བཟོས་ཡོད་འདུག

ལས་རིམ་དེའི་དྲ་རྒྱ་ཐོག་འབྲེལ་བརྗོད་གནང་གསལ་ལྟར་ན་གནས་མཇལ་གནང་མཁན་ལོ་རྒྱ་ཁྲག་མང་པོར་བྱུང་ཡོད་པ་དང་། ༡༩༥༩ ནས ༡༩༨༠ བར་མཚམས་ཆད་ནས་༡༩༨༡ ལོར་ལས་གཞི་གསར་པའི་ཐོག་རྒྱ་གར་གཞུང་དང་རྒྱ་ནག་གཞུང་གཉིས་དབར་ཐག་གཅོད་གནང་བ་རེད་། ད་ལོ་རྒྱ་གར་བ་གནས་མཇལ་གནང་མཁན་༩༦༠ ཡོང་གི་ཡོད་པའི་སྐོར་གསལ་བསྒྲགས་གནང་འདུག

Advertisements

མི་རིགས་ཀྱི་ངོ་བོ་ཟེར་ན་གང་ལ་གོ་དགོས་སམ།

སྤྱིར་བཏང་བོད་མིའི་སྤྱི་ཚོགས་ནང་མི་རིགས་ཀྱི་ངོ་བོ་གལ་ཆེན་པོ་ཡིན་པ་བརྗོད་མཁན་མང་པོ་ཡོད་། ཕ་མ་ཚོས་བུ་ཕྲུག་ལ་ཡིནའང་འདྲ། དགེ་རྒན་ནས་དགེ་ཕྲུག་ལ་ཡིནའང་བཀའ་སློབ་མང་ཤོས་ཤིག་ནི་དེ་ཐོག་ཡིན་གྱི་རེད་། ངའི་དྲི་བ་དེ་ནི་ངོ་བོ་དེ་གང་ལ་ཟེར་དགོས་ཀྱི་ཡོད་པའི་སྐོར་ཡིན། དེ་ཐོག་ང་ཚོས་བསམ་བློ་ཡག་པོ་བཏང་དགོས་འདུག ལོ་རྒྱུས་ཐོག་མི་རིགས་ཀྱི་ངོ་བོ་དེ་མི་རིགས་དེའི་སྐད་དང་། གོམས་གཤིས། ལུགས་སྲོལ། དེ་བཞིན་རིག་གཞུང་ལ་སོགས་པར་གོ་དགོས་ཀྱི་ཡོད་། གོ་དོན་དེ་ནི་དེ་ལྟར་ཡིན་ནམ་ཡང་ན་དེ་ལས་གཞན་ཡིན་ནམ། ངོ་བོ་ལ་རུས་ཀྱི་འབྲེལ་བ་ཡོད་དམ། དེང་སང་སྤྱི་ཚོགས་ནང་བོད་མི་དང་མི་རིགས་གཞན་མཉམ་གནས་བྱེད་མཁན་མང་པོ་ཡོད་པས་དེ་ཚོའི་ཕྲུ་གུ་ཚོའི་ངོ་བོ་གང་ཡིན་ནམ། འདི་ཐོག་ཁྱེད་རྣམ་པའི་དགོངས་འཚུལ་གང་ཡིན་ནམ།

ཨ་རིའི་ཁྲལ་བསྡུའི་ཉིན་མོ།

ཕྱི་ ཟླ་༤ཚེས་༡༥ནི་ཨ་མེ་རི་ཀའི་ནང་མི་མངས་ཡོངས་ནས་རང་ཉིད་ཀྱི་ཡོངས་འབབ་ཀྱི་ཨ་མེ་ རི་ཀའི་དབུས་དང་ས་གནས་གཞུང་ལ་ཁྲལ་འབུལ་རྒྱུའི་ཉིན་མཐའ་མ་དེ་རེད་། གཞུང་ནས་མང་ཚོགས་ནས་ཁྲལ་འབུལ་རྒྱུར་ལས་བླ་པོ་ཡོང་ཆེད་སྦྲག་ཁང་ཡང་ཉིན་འདིར་ དུས་ཚོད་ནམ་རྒྱུན་ལས་རྒྱུན་རིང་བར་སྒོ་ཕྱེ་བ་དང་། ཁྲལ་བསྡུའི་ཡིག་ཆ་རྣམས་དཔེ་མཛོད་ཁང་ཚང་མར་རག་རྒྱུ་ཡོད་པ། དེ་བཞིན་ལས་འགུལ་འདི་སྐོར་དྲིལ་བསྒྲགས་ཤུགས་ཆེ་གནང་གི་འདུག

འོན་ཀྱང་རང་དབང་ལུང་པ་ཡིན་པའི་མཚོན་རྟགས་ག་རེ་འདུག་ཞུས་པ་ཡིན་ན་ཨ་རི་བ་འགའ་ཞིག་ནས་ཁྲལ་བསྡུ་རྒྱུའི་ལས་རིམ་འདི་ནི་བཅའ་ཁྲིམས་དང་མཐུན་གྱི་མེད་པ་དང་རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོས་ཁྲལ་འབུལ་རྒྱུ་མིན་གསུངས་མཁན་འདུག འགའ་ཞིག་ནས་དེ་ཐོག་ཁྲིམས་ཁང་ལ་བདེ་སྡུག་ཞུ་མཁན་ཡང་འདུག ལོ་རྒྱུས་ཐོག་དེ་སྔ་ཨ་མེ་རི་ཀ་དབྱིན་ཡུལ་འོག་ཡིན་སྐབས་ཡུལ་མི་འགའ་ཞིག་ནས་དབྱིན་ཡུལ་ལ་ངོ་རྒོལ་ལས་འགུལ་སྤེལ་ནས་ཇི་སྲིད་གཞུང་ནང་ཨ་མེ་རི་ཀའི་སྐུ་ཚབ་མེད་པ་བར་དུ་ཁྲལ་འབུལ་རྒྱུ་མིན་པའི་ལས་འགུལ་སྤེལ་ཡོད་། ངོ་རྒོལ་མཚོན་ཆེད་སྦོ་སོ་ཀྲིན་གྲོང་འཁྱེར་དུ་རྒྱུག་ཆུ་ནང་ཇ་མང་པོ་གཤོ་མཁན་བྱུང་ཡོད་པ་ད་ཉིན་ཡང་ས་ཆ་འགའ་ཞིག་ལ་དེ་འདྲ་བའི་ལས་འགུལ་སྤེལ་མཁན་བྱུང་འདུག

༄། ལྷོ་ཨ་མེ་རི་ཀའི་པེ་རུ་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པར་ཁྲིམས་གཅོད་བྱས་པ།

ཤིན་ཧ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་༢༠༠༩ ཟླ་༤ ཚེས་༧ ཉིན་ལྷོ་ཨ་མེ་རི་ཀའི་པེ་རུའི་རྒྱལ་ཁབ་ཀྱི་ཁྲིམས་ཁང་ཆེན་མོས་དེ་སྔ་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པ་ཉི་འོང་མི་རིགས་ཨལ་སྦེ་ཀྲོ་ཕུ་ཇི་མོ་རི་ལ་ལོ་༢༥ བཙོན་འཇུག་གི་ཁྲིམས་གཅོད་གནང་ཡོད་འདུག
ཕུ་ཇི་མོ་རི་ནས་པེ་རུའི་གཙོ་འཛིན་གནང་སྐབས་རྒྱལ་ཁབ་དེའི་མི་སེར་ཁག་གཅིག་སྡེབ་གསོད་བཏང་བ་དང་། འགའ་ཤིག་བཙན་ཤེད་བྱེད་པ་དང་། ཡང་མང་པོར་མནར་མཅོད་བཏང་བའི་ནག་ཉེས་ཡོད་པའི་ཁྲིམས་ཁང་དེའི་ཁྲིམས་ཞིབ་པ་གསུམ་ནས་ཐག་གཅོད་གནང་འདུག

པེ་རུའི་རྒྱལ་ས་ལི་མ་ནས་ཤིན་ཧ་གསར་འགོད་པས་གནས་ཚུལ་བཏང་གསལ་ལ་རྒྱལ་ཁབ་ཀྱི་སྲིད་བློན་ཡེ་ཧུ་དེ་སི་མོན་ནས་ཁྲིམས་གཅོད་དེར་བསྔགས་བརྗོད་གནང་བ་དང་བསྒྲགས་དེས་པེ་རུའི་ཁྲིམས་ཁང་རྣམས་ཁྱོན་ཡོངས་ནས་རང་སྐྱོང་ཡིན་པ་སྟོན་པ་དང་། ཁོང་ཚོར་ཕྱིའི་ནུས་པས་གནོན་ཤུགས་མི་ཐེབ་པར་རང་གི་བྱེད་རྒོ་རང་ནས་གནང་བ་རེད་ཞེས་བརྗོད་འདུག
སྤྱིར་བཏང་གནས་ཚུལ་འདི་འདྲ་བ་འཛམ་གླིང་རྒྱལ་ཁབ་མང་པོར་ཡོང་གི་ཡོད་། དེ་སྔ་ལྷོ་ཨབ་རི་ཀ་དང་། པ་ཀི་སི་ཏན་། དེ་བཞིན་ཀམ་པུ་ཆི་ཡ་ལྟ་བུར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཟུར་པར་ཁྲིམས་གཅོད་གནང་བའི་གནས་ཚུལ་ཡོད་། འགྲོ་ལུགས་འདིའི་ལེགས་པའི་རང་བཞིན་ནི་དེས་རྒྱལ་ཁབ་དེ་ཁྲིམས་དང་མཐུན་ནས་སྐྱོང་གནང་གི་ཡོད་པའི་རྟགས་མཚན་ཡིན་པ་དང་དབུ་ཁྲིད་སུ་ཡིན་རུང་མི་མང་གི་ཁེ་ཕན་སྲུང་སྐྱོབ་གནང་དགོས་ཀྱི་ཡོད་པ་བསྟོན་གྱི་ཡོད་། འོན་ཀྱང་འགྲོ་ལུགས་དེ་ཡག་པོ་དང་དྲང་པོའི་ཐོག་ནས་ལག་ལྟར་མ་གནང་ན་དེས་མི་སེར་རྣམས་ཟ་ངེ་ཟིང་ངེ་བཟོ་རྒྱུའི་ཉན་ཀ་ཡང་ཡོད་།

༄། མོ་མོ་བོད་ཟས་ནས་རྒྱ་གར་གྱི་ཟས་སུ་བསྒྱུར་བ།

སྤྱིར་བཏང་ཤ་ཡོད་དང་ཤ་མེད་མོ་མོ་ནི་༡༩༥༩རྗེས་སུ་ཙམ་པ་ལས་ལྷག་པ་ང་ཚོ་བོད་མིའི་མཐུན་མོང་མ་ཡིན་པའི་ཟས་ཤིག་ཡིན་པ་ལྟ་བུ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཆགས་ཡོད་།
ལོ་རྒྱུས་ཐོག་མོ་མོ་ནི་བོད་མིའི་སྤྱི་ཚོགས་ནང་རྒྱའི་ཡུལ་ནས་དར་བ་ཡིན་ནམ་ཡང་ན་ས་ཆ་གཞན་ནས་ཡིན་མིན་ངས་བརྗོད་མི་ཐུབ། གང་ལྟར་རྒྱ་གར་དང་བལ་ཡུལ་ལ་སོགས་པར་བོད་ཟས་ཟ་ཁང་ཚང་མར་མོ་མོ་དང་ཐུག་པ་མེད་ན་མ་སྒྲིགས་པ་ཡིན། དེ་ཡང་ལོ་མང་རིང་ཟས་རིགས་འདི་བཞིན་གཙོ་བོ་བཟོ་མཁན་དང་ཚོང་མཁན་ནི་བོད་རིགས་ནས་གནང་བཞིན་པ་རེད་།
བར་སྐབས་ཤིག་ལ་རྒྱ་གར་ནང་དུ་ཆ་བཞག་ན་རྒྱལ་ས་ལྡི་ལི་ལྷ་བུར་རྒྱ་གར་མིས་མོ་མོ་བཟོ་ནས་རྒྱ་གར་བར་ཚོང་རྒྱུ་འགོ་ཚུགས་འདུག དེས་སྤྱི་ཚོགས་ཀྱི་འགྲོ་ལུགས་གསར་པ་ཞིག་ཆགས་པ་དང་ད་ཆ་མོ་མོ་དེ་ཡང་རྒྱ་གར་བའི་ཟས་ཤིག་རེད་བརྗོད་ན་མ་སྒྲིགས་པ་མེད་པ་ལྟ་བུ་ཡིན་པ་ལགས་སོ།

རྒྱ་གར་སྲིད་འཛིན་རྟ་དབང་དུ་ཕེབས་སྐབས་བོད་ཆས་གྱོན་ཡོད་པ།

རྒྱ་གར་གྱི་སྲིད་འཛིན་པ་ར་ཏི་སྦ་པ་ཀྲིལ་མཆོག་༢༠༠༩ ཟླ་ ༤ ཚེས་ ༢ རེ་གཟའ་འཕུར་བུའི་ཉིན་རྒྱ་གར་བྱང་ཤར་དུ་ཡོད་པའི་རྟ་དབང་གྲོང་འཁྱེར་དུ་ཕེབས་གནང་འདུག ཁོང་ནས་གྲོང་འཁྱེར་དེར་ཡོད་པའི་ལོ་རྒྱུས་ལྡན་པའི་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པར་ཡང་ཕེབས་གནང་འདུག

སྲིད་འཛིན་མཆོག་རྟ་དབང་དུ་ཕེབས་སྐབས་བོད་པའི་གྱོན་ཆས་སྤྲད་གནང་ཡོད་པའི་སྐུ་པར་གསར་འགྱུར་ནང་དོན་འདུག འདི་ནི་རྒྱ་གར་སྲིད་འཛིན་པ་ཀྲེལ་མཆོག་གི་རྟ་དབང་དུ་ཕེབས་པ་ཐེངས་དང་པོ་དེ་རེད་འདུག

རྒྱ་གར་སྲིད་འཛིན་རྟ་དབང་དུ་ཕེབས་སྐབས་དགེ་འདུན་པས་ཕེབས་བསུ་ཞུ་བ།
རྒྱ་གར་སྲིད་འཛིན་རྟ་དབང་དུ་ཕེབས་སྐབས་དགེ་འདུན་པས་ཕེབས་བསུ་ཞུ་བ།

༄༄། ནུབ་ཕྱོགས་པའི་གཅེས་མིང་སྐོར་ཡུད་ཙམ་བསྐྱར་ཞིབ་བྱེད་པ།

ནུབ་ཕྱོགས་པ་དབྱིན་ཇི་མི་ཚོས་རང་གི་མིང་ཚབ་གཅེས་མིང་བེད་སྤྱོད་བྱེད་པའི་ལུགས་སྲོལ་ཤིག་ཡོད་པ་རེད་། དེ་འདྲ་བའི་ལུགས་སྲོལ་ང་ཚོ་བོད་མི་ཚོར་ལཱང་ཡོད་། དཔེར་ན་ཨ་སོང་། ཨ་འཕྲིན། ཨ་ཐར་ལྟ་བུ་ཡིན། དེ་ལས་ལྷག་པ་ཡོད་སྲིད་པས་ཁྱེད་རྣམ་པ་ཚོས་གསུངས་གནང་ན་དགའ་བསུ་ཞུ་རྒྱུ་ཡིན། ཡང་ང་ཚོའི་གཅེས་མིང་གི་ལོ་རྒྱུས་ཤིག་ཡོད་རྒྱུ་རེད་དེ་གུས་པས་དེ་སྐོར་གང་ཡང་མི་ཤེས།

ནུབ་ཕྱོགས་པའི་གཅེས་མིང་མང་ཤོས་ཡོད་པ་དེ་ཚོ་ནི་གཤམ་འཁོད་རྣམས་ཡིན། ཨེན་ཐོ་ནི་(Anthony)ལ་ཀྲོ་ནི་(Tony)ཟེར་། དཔེར་ན་དེ་སྔ་དབྱིན་ཡུལ་གྱི་སྲིད་བློན་ཀྲོ་ནི་བེ་ལེར་(Tony Blair)ལྟ་བུ། ཨེགྲ་ཝགྲ་(Edward)ལ་ཀྲེ་གྲེ་(Ted)ཟེར། དཔེར་ན་ཨ་མེ་རི་ཀའི་གྲོས་ཚོགས་འཐུས་མི་ཀྲེ་གྲེ་ཀེ་ནེ་གྲི་(Ted Kennedy)ལྷ་བུ། ཨེ་ལི་ཛི་སྦེ་ཐེ་(Elizabeth)ལ་ལི་ཛི་(Lizzy)ཟེར། དཔེར་ན་ཨ་མེ་རི་ཀའི་གློག་བརྙན་འཁྲབ་སྟོན་པ་ལི་ཛི་ཀྲེ་ལར་(Lizzy Taylor)ལྟ་བུ། ཇེམ་སི་(James)ལ་ཇི་མི་(Jimmy)ཟེར། དཔེར་ན་དེ་སྔ་ཨ་མེ་རི་ཀའི་སྲིད་འཛིན་ཇི་མི་ཀར་ཀྲར་(Jimmy Carter)ལྟ་བུ། རི་ཆར་ཀྲི་(Richard)ལ་སྒྲིག་(Dick)ཟེར། དཔེར་ན་ཨ་མེ་རི་ཀའི་དེ་སྔ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སྒྲིག་ཧོལ་སྦུ་རུག་(Dick Holbrooke)ལྟ་བུ། རོ་སྦ་ར་ཀྲི་(Robert)ལ་སྦོབ་(Bob)ཟེར། དཔེར་ན་ཨ་མེ་རི་ཀའི་བོད་རིག་པའི་སློབ་དཔོན་སྦོབ་ཐར་མན་(Bob Thurman)ལྟ་བུ། ཝི་ལ་ཡམ་(William)ལ་སྦིལ་(Bill)ཟེར། དཔེར་ན་དེ་སྔ་ཨ་མེ་རི་ཀའི་སྲིད་འཛིན་སྦིལ་ཁི་ལིན་ཀྲོན་(Bill Clinton)ལྟ་བུ།