རྒྱ་ནག་གཞུང་ཚབ་ནས་ཧི་མ་ཆལ་ལ་ཐུགས་སྣང་དམིགས་བསལ་གནང་དགོས་དོན་ག་རེ་ཡིན་ནམ།

ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ནས་ཧི་མ་ཆལ་བློན་པོ་གཙོ་བོ་མཇལ་བ།
ཟླ་བ་༡༢་ཚེས་༢༧་ཉིན་རྒྱ་གར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྲང་ཡན་ནས་ཧི་མ་ཆལ་མངའ་སྡེའི་རྒྱལ་ས་ཤིམ་ལར་བསྐྱོད་ནས་མངའ་སྡེའི་བློན་པོ་གཙོ་བོ་པེརེམ་ཀུ་མྲ་རྡུ་མལ་མཇལ་འདུག  དེ་སྐབས་རྒྱ་ནག་གཞུང་ནས་ཧི་མ་ཆལ་ལ་རོགས་རམ་གནང་ཕྱོགས་ཐད་བཀའ་བསྡུར་གནང་ཡོད་འདུག བློན་པོ་གཙོ་བོ་ནས་གངས་རིན་པོ་ཆེ་མ་ཕམ་གཡུ་མཚོ་མཇལ་འདོད་ཡོད་པའི་རྒྱ་གར་གྱི་གནས་སྐོར་བ་ཚོ་ཧི་མ་ཆལ་ནས་བོད་དུ་བསྐྱོད་ཆོག་པ་དགོས་པའི་འབོད་བསྐུལ་གནང་འདུག
རྒྱ་ནག་གཞུང་ཚབ་ནས་ཧི་མ་ཆལ་ལ་ཐུགས་སྣང་དམིགས་བསལ་གནང་དགོས་དོན་ག་རེ་ཡིན་ནམ།

Advertisements

རྒྱ་ནག་སྐུ་ཚབ་ཀྲུ་ཝེ་ཆུན་ནས་བོད་སྐོར་བྱ་འཆི་མེད་བརྙན་འཕྲིན་ལ་བཅའ་དྲི།

རྒྱ་ནག་ཐབས་ཕྱོགས་གཅིག་གྱུར་གྱི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུ་ཝེ་ཆུན་ལ་ཧོང་ཀོང་དུ་ཡོད་པའི་བྱ་འཆི་མེད་བརྙན་འཕྲིན་(Phoenix TV)ཁང་ནས་བོད་དོན་ཐོག་བཅའ་དྲི་ཞུས་འདུག བཅའ་དྲི་དེ་བཞིན་བརྙན་འཕྲིན་ཁང་ནས་ཟླ་བ་༡༢་ཚེས་༢༠་དང་༢༧ ཉིན་རྒྱང་སྲིང་བྱས་འདུག
ཀྲུ་ཝེ་ཆུན་ནི་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ལྷན་རྒྱ་ནག་གཞུང་གི་ངོས་ནས་བཀའ་མོལ་གནང་མཁནདེ་་ཡིན་པ་དང་། ཁོང་ཉེ་ཆར་ཡུ་རོབ་ཁུལ་དུ་བོད་དོན་གསལ་བསྒྲགས་ཆེད་བསྐྱོད་འདུག
བཅའ་དྲི་དེའི་ནང་ཀྲུ་ནས་བོད་དོན་ཐོག་བཀའ་མོལ་སྐོར་དང་འགྲེལ་བཤད་དང་། རྒྱ་རིགས་ཚོས་༧གོང་ས་མཆོག་ལ་སྡང་འཛིན་ཡོང་ཐབས་ཀྱི་དམིགས་ཡུལ་བཟུང་བ་འདྲ་པོ་འདུག ཕལ་ཆེར་དེའི་རྒྱུ་མཚན་ནི་ལོ་ཤས་ནང་རྒྱ་རིགས་མང་པོས་༧གོང་ས་མཆོག་ལ་དད་གུས་རྣམ་པ་སྟོན་གྱི་ཡོད་པ་དེ་མིན་ནམ།

པེ་ཅིང་མི་རིགས་སློབ་གྲ་ཆེན་མོའི་མིང་སྐོར་གླེང་བ།

པེ་ཅིང་དུ་ཡོད་པའི་མི་རིགས་སློབ་གྲ་ཆེན་མོ་དེའི་གཞུང་འབྲེལ་མིང་དབྱིན་ ཡིག་ཐོག་མིན་ཛུ་ཡུ་ནི་ཝར་སི་ཀྲི་ཨོབ་ཆཡེ་ན་བཞེས་སྒྱུར་ཡོད་པའི་གནས་ཚུལ་འདུག མིང་བསྡུས་བྱས་ན་ཨེམ་ཡུ་སི་ཞེས་རེད་འདུག  ད་བར་སློབ་གྲའི་མིང་ལ་སྐད་གང་ཡིན་རུང་དེ་ཐོག་མི་རིགས་སློབ་གྲ་ཆེན་མོ་ཞེས་ འབོད་སྲོལ་ཡོད། གུས་ནས་སློབ་གྲ་ཆེན་མོ་དེའི་དྲ་རྒྱར་ལྟ་སྐབས་ད་ག་རང་རེད་འདུག ད་ཆ་དྲི་བ་ནི་མིང་དེ་འདྲ་འབོད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།  སློབ་གྲ་དེར་ཕྱི་མི་གང་མཚམས་ཡང་སློབ་བཞུགས་གནང་གི་ཡོད་འདུག

རྒྱ་ནག་ གི་ས་ཆ་གཞན་འགའ་ཞིག་ནང་མི་རིགས་སློབ་གྲ་ཆེན་མོ་ཡོད་རེད།  དེ་ཚོའི་མིང་ཡང་ཕལ་ཆེར་པེ་ཅིང་སློབ་གྲ་ལྟར་མིན་རྫུ་སློབ་གྲ་ཆགས་ཡོད་སྲིད་།

༢༠༠༨ལོའི་ནང་བོད་པའི་སྤྱི་ཚོགས་ནང་གལ་ཆེ་བའི་གནས་ཚུལ་བྱུང་བ་གང་ཡིན་ནམ།

༢༠༠༨ལོའི་ནང་བོད་པའི་སྤྱི་ཚོགས་ནང་གལ་ཆེ་བའི་གནས་ཚུལ་བྱུང་བ་གང་ཡིན་ནམ།

ཉིན་མ་འགའ་ཞིག་རྗེས་༢༠༠༨ལོ་ནས་༢༠༠༩ལོར་སླེབས་ཀྱི་རེད། གུས་པའི་བསམ་པར་ལོ་འདིའི་ནང་གལ་ཆེ་བའི་གནས་ཚུལ་ནི་གཤམ་འཁོད་ལྟར་ཡིན།

ཆབ་སྲིད་དང་འབྲེལ་བ་ཁག་ནི།

དང་པོ། ཟླ་ བ་གསུམ་པ་ནས་བོད་ས་ཁུལ་ཡོངས་སུ་བོད་མི་ཚོས་སྒེར་ལངས་བྱས་ནས་བོད་ཕྱི་ནང་ གཉིས་ཀྱི་བོད་མི་ཚོས་མ་བགྲོས་རང་མཐུན་ནམ་བསམ་པ་གཅིག་མཐུན་གྱི་རྣམ་པ་དང་། དེ་བཞིན་བོད་མི་ཚང་མས་མ་བསྐུལ་དང་ལེན་གྱི་ལས་འགུལ་རྣ་མང་སྤེལ་བ་དེ ཡིན།

གཉིས་པ། Continue reading “༢༠༠༨ལོའི་ནང་བོད་པའི་སྤྱི་ཚོགས་ནང་གལ་ཆེ་བའི་གནས་ཚུལ་བྱུང་བ་གང་ཡིན་ནམ།”

བཀྲིས་བདེ་ལེགས།

བཀྲིས་བདེ་ལེགས།

སྐྱབས་མགོན་ཡེ་ཤུའི་འཁྲུངས་སྐར་སླེབས་ཉེ་ཡིན་པའི་ཨ་མེ་རི་ཀའི་སྤྱི་ཚོགས་ལ་ཧེབ་ཆེན་པོ་ལངས་བའི་དུས་རེད་འདུག སྤྱིར་སྟངས་ཚོང་ཡག་པོ་མེད་པའི་སྐབས་ཡིན་ཡང་ཁྲོམ་དུ་བསྐྱོད་སྐབས་ཚང་ཁ་ཤིག་ཤིག་རེད་འདུག འཛམ་གླིང་དཔལ་འབྱོར་གནས་སྟངས་མཐོང་དུས་ང་ཚོ་ནང་པ་སངས་རྒྱས་པས་བརྟེན་འབྲེལ་ལྟ་བ་དེ་དངོས་ནས་གཏིང་ཟབ་པོ་ཡིན་པ་འཚོར་གྱི་འདུག

ཉིན་མ་འགའ་ཞིག་སྔོན་དུ་ནིའུ་ཡོག་དུ་ཚོགས་འདུ་ཞིག་ཆེད་ཕྱིན་པས་ཁ་བ་བབས་སོང་། ང་ཚོའི་ཚོགས་འདུ་ཉིན་མ་གཉིས་ཡིན་རུང་ཁ་བའི་རྐྱེན་གྱིས་འཚོགས་མི་འགའ་ཞིག་སྔོན་དུ་ལོག་དགོས་བྱུང་སོང་། རྒྱལ་ཁབ་འདི་ཁྱད་ཚར་པོ་འདུག ཕྱོགས་གཅིག་ནས་འབྱོར་ལྡན་རྒྱལ་ཁབ་ཡིན་པ་གང་ཞིག་ལ་ཕྱོགས་གཞན་ལ་ཁ་བ་ལྟ་བུ་ཉུང་ངུ་ཞིག་བབས་པ་ལ་སྤྱི་ཚོགས་འགྲོ་སྟངས་ལ་བཤུགས་ཐེབས་ཀྱི་འདུ