བོད་མིས་རྒྱ་གར་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་བ།

ད་ཉིན་ཟླ་ ༣ ཚེས་ ༣༡ ལ་རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་མཛད་སྒོ་ཞིག་སར་༧རྒྱལ་བ་རིན་པོ་ཆེས་བོད་མི་སྤྱིའི་ཚབ་ཏུ་རྒྱ་གར་གཞུང་དང་མི་མང་ལ་འདས་པའི་ལོ་༥༠ ནང་གི་བཀའ་དྲིན་རྗེས་དྲན་གནང་འདུག ༡༩༥༩ ལོའི་ཟླ་༣ ཚེས་༣༡ ཉིན་༧གོང་ས་མཆོག་རྒྱ་གར་ས་ཐོག་ཏུ་ཕེབས་གནང་བ་རེད་། མཛད་སྒོ་དེར་ཐུགས་རྗེ་ཆེ་མཚོན་ཆེད་བོད་ཡིག་ཐོག་བཀའ་འགྱུར་དང་སྟན་འགྱུར་ཆ་ཚང་དང་། དེ་བཞིན་དཔེ་ཆ་གཞན་༦༣བོད་ཡིག་ནས་ལེགས་སྦྱར་སྐད་དུ་ཕབ་བསྒྱུར་གནང་བ་དང་། དེ་བཞིན་༡༥༣ རྒྱ་གར་སྐད་ཧིན་རྡི་དང་གཞན་གནང་བསྒྱུར་བ་བཅས་འབུལ་རྒྱུའི་གསལ་བསྒྲགས་གནང་འདུག

གནས་ཚུལ་དེ་ནི་དགའ་བསུ་ཞུ་འོས་པ་རེད་། ལོ་རྒྱུས་ཐོག་རྒྱ་གར་འཕགས་པའི་ཡུལ་ནི་བོད་གངས་ཅན་པར་བཀའ་དྲིན་ཆེན་པོ་ཡིན། ཐོག་མར་ང་ཚོའི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ཡུལ་དེ་ནས་ཕེབས་པ་གྲགས། དུས་རབས་བདུན་པའི་ནང་ནང་པའི་ཆོས་དེའང་བོད་དུ་རྒྱ་གར་ནས་དར་། ཉེ་བའི་སྐབས་བོད་མིར་དཀའ་ངལ་བྱུང་སྐབས་མཐུན་རྒྱུར་གང་ཐུབ་གནང་དང་གནང་བཞིན་པར་སོང་ང་ཚོ་དེ་ནི་བརྗེད་མི་རུང་བ་ཡིན། དཔེ་ཆ་དེ་ཚོ་བོད་ཡིག་ནས་ལེགས་སྦྱར་སྐད་ཐོག་ཕར་འགྱུར་བ་ནི་དམིགས་དཔེ་འོས་པ་ཞིག་རེད་། རྒྱ་གར་གྱི་ལོ་རྒྱུས་ནང་ནང་པའི་ཆོས་ཉམ་གུད་ཕྱིན་སྐབས་ལེགས་སྦྱར་སྐད་ནང་ཡོད་དཔེ་ཆ་མང་པོ་མེད་པར་ཆགས་ཡོད་འདུག དཔེ་ཆ་དེ་ཚོ་བོད་ཡིག་ནང་ཡོད་སྟབས་དྲིན་ལན་དེ་ལས་ལྷག་པ་ག་ལ་ཡོད་བསམ་བྱུང་།

Advertisements

ཟླ་བ་༣ ཚེས་༢༨ ཉིན་ག་རེ་གནང་གི་ཡོད་དམ།

ཕྱི་ལོ་༢༠༠༩ ཟླ་༣ ཚེས་༢༨ ཉིན་ནི་ཤིན་དུ་གལ་ཆེ་བའི་ཉི་མ་ཞིག་རེད་། དམིགས་བསལ་དུ་བོད་ཀྱི་ས་བབས་དང་ཉེ་བའི་ལོ་བཅུ་ཁྲག་གི་ལོ་རྒྱུས་ལ་གཟིགས་ན་ཉིན་མ་དེའི་ལས་འགུལ་དེ་ནི་བོད་མི་ཚང་མས་དགའ་བསུ་ཞུ་དགོས་པ་ཞིག་རེད་།

ད་འོ་ན་ལས་འགུལ་དེ་གང་རེད་དམ། འཛམ་གླིང་དུས་ཚོད་ཟེར་བའི་ཚོགས་པ་ཞིག་ནས་ཉིན་མ་དེར་དགོང་དྲོ་ཆུ་ཚོད་༨་དང་ཕྱེད་ཀ་ནས་༩་དང་ཕྱེད་ཀ་བར་ཚང་མས་རང་གི་ཁྱིམ་གྱི་གློག་ཐམས་ཅད་བསད་ནས་མུན་ནག་ནང་བཞུགས་དགོས་པའི་འབོད་བཀུལ་ཞུས་འདུག དེའི་རྒྱུ་ཚན་ནས་འཛམ་གླིང་འདིར་གནས་པའི་གང་ཟག་རྣམས་ཀྱི་ཁོར་ཡུག་ཐོག་ཐུགས་སྣང་ཡོང་ཆེད་དང་དེ་ཐོག་མི་རེ་རེར་འགན་ཡོད་པའི་བསམ་བློ་འཁོར་ཆེད་ཡིན་འདུག དེང་དུས་མིའི་སྤྱི་ཚོགས་ནང་ལས་རིགས་དང་འགྲོ་ལུགས་མང་པོའི་རྐྱེན་གྱིས་འཛམ་གླིང་གི་གནམ་གཤིས་ལ་དོ་ཕོག་འགྲོ་བཞིན་ཡོད་པ་རེད།

གློག་གི་ནུས་པ་དེ་ཕན་ཐོག་ཆེན་པོ་ཡིན་རུང་འཛམ་གླིང་གི་ཁོར་ཡུག་མེད་པ་བཟོ་མཁན་ཡང་ཡིན་འདུག་ནས་ཚང་མས་གློག་བེད་སྤྱོད་ཡག་པོ་སྟངས་དགོས་པ་ཡིན་འདུག འཛམ་གླིང་གི་དུས་ཚོད་ཀྱི་དྲ་རྒྱར་གཟིགས་ན་དོན་གནས་འདི་ཐོག་འགྲེལ་བརྗོད་ལེགས་པོ་གནང་འདུག དྲ་རྒྱ་དེ་རྒྱ་ཡིག་དུ་ཡང་འདུག

ཚོགས་པ་དེས་ཟླ་༣ ཚེས་༢༨འདེམས་དགོས་དོན་མ་ཤེས་ཀྱང་གུས་པར་འཚོར་བ་འདི་འདྲ་བྱུང་། ཁོང་རྣམ་པས་རྒེར་དོན་ལས་སྤྱི་དོན་གལ་ཆེ་བ་བརྩིས་པ་དང་། གནས་སྐབས་ལས་མཐར་ཐུག་གལ་ཆེ་བ། སྤྱི་ཚོགས་ནང་གནས་མཁན་ཚང་མའི་ཁེ་ཕན་ཐོག་དགོངས་པ་བཞེས་ཐུབ་པ་རེད་འདུག ༢༠༠༩་ཟླ་༣་ཚེས་༢༨ཀྱི་ལས་འགུལ་འདི་ནི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་མ་ཡིན་པར་འཛམ་གླིང་གི་མ་འོངས་པ་ཡག་པོ་ཡོང་ཆེད་ཡིན་འདུག་ན་ཚང་མས་གང་ཐུབ་མཉམ་ཞུགས་གནང་ན་ཡག་པོ་མིན་ནམ། དེ་འདྲ་སོང་ཟླ་བ་༣ ཚེས་༢༨་ཉིན་ཁྱེད་ནས་ག་རེ་གནང་བརྩིས་ཡོད་དམ།

ཡང་ཞུ་། འདིའི་མགོ་བརྗོད་དེ་ཁྱེད་ནས་ཐོག་མར་གཟིགས་སྐབས་གུས་པས་ལས་འགུལ་གཞན་ཞིག་སྐོར་འགྲེལ་བརྗོད་བྱེད་ཀྱི་མེད་དམ་དགོངས་སྲིད་། ད་དེ་མིན་པ་མཁྱེན་སོང་ངམ།

ས་གླང་ལོ་འདི་ལ་བསམ་དོན་གྲུབ་པར་ཤོག

ལོ་གསར་པ་སླེབས་སྐབས་ང་ཚོ་ཚང་མར་བསམ་བློ་བཏང་རྒྱུའི་གོ་སྐབས་ཤིག་ཀྱང་ཡོང་གི་ཡོད་། ལོ་འདིར་གསར་པ་ག་རེ་ཡོང་གི་ཡོད་དམ། འཛམ་གླིང་འདི་ཞི་བདེའི་ཕྱོགས་སུ་འགྲོ་ཐུབ་ཀྱི་ཡོད་དམ།

དེ་ཚོའི་ཐོག་ག་རེ་ཡོང་མིན་སུ་ཞིག་ནས་ལབ་ཐུབ་ཀྱི་མ་རེད་ཀྱང་རེ་བ་བྱེད་ཆོག་གི་རེད་། ཡེ་ཤུའི་ཆོས་ལུགས་ཐོག་བཤད་སྲོལ་གཅིག་ཡོད་པ་དེ་ནི་དད་པས་རི་ཡང་འགུལ་ཐུབ་ཀྱི་རེད་། དེ་འདྲ་སོང་ང་ཚོས་ས་གླང་ལོ་འདིར་ང་ཚོ་སྤྱི་སྒེར་གཉིས་ཀའི་བསམ་དོན་གྲུབ་རྒྱུ་ཡིན་པ་དེར་དད་པ་བྱེད་དགོས་འདུག