ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་པེ་ལོ་སི་རྒྱ་ནག་དུ་ཕེབས་པ།

ད་རེས་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ཁང་ནས་གསལ་བསྒྲགས་བྱེད་གསལ་ལ་ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནེན་སི་པེ་ལོ་སི་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་མཇལ་ཕྲད་གནང་ཡོད་པ་འཁོད་འདུག ཚོགས་གཙོ་པེ་ལོ་སིའི་དྲ་རྒྱའི་ཐོག་ཁོང་དང་ཁོང་གི་སྐུ་ཚབ་ཚོགས་པས་རྒྱ་ནག་གི་དབུ་འཛིན་རྣམ་ལྷན་བོད་གཙོས་པའི་གནད་དོན་མང་པོའི་ཐོག་བཀའ་མོལ་གནང་ཡོད་འཁོད་འདུག

ཚོགས་གཙོ་པེ་ལོ་སི་ནས་ལོ་སྔོན་མ་རྒྱ་གར་དུ་ཕེབས་སྐབས་བཞུགས་སྒར་དུའང་བཅར་འདུག ཁོང་ནི་དམངས་གཙོ་ཚོགས་པ་ནས་ཡིན་པ་དང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ལ་སོགས་ཐོག་ཐུགས་འཁུར་ཆེན་པོ་བཞེས་མཁན་ཞིག་རེད་།

Advertisements

རྒྱ་གར་གཞུང་གསར་པ་ལ་བཀྲིས་བདེ་ལེགས་ཞུ།

ད་ལོའི་ཟླ་བ་བཞི་པ་དང་ལྔ་པའི་ནང་རྒྱ་གར་རྒྱལ་ཡོངས་ནང་འོས་བསྡུ་ཆེན་མོ་གནང་རྗེས་ཟླ་བ་འདིའི་ཚེས་༢༣ ཉིན་གཞུང་གསར་པ་དེ་ནི་རྒྱ་གར་རྒྱལ་ཡོངས་ལྷན་ཚོགས་ལ་རག་པ་དང་། དེའི་དབུ་འཛིན་མན་མོ་ཧན་སིང་མཆོག་ལ་སྲིད་བློན་དུ་བསྐོ་བཞག་གནང་འདུག གཞུང་གསར་པའི་ཕྱི་སྲིད་བློན་ཆེན་ནི་སྐུ་ཞབས་ཨེ་སི་ཨེམ་ཀི་རི་ཤི་ན་རེད་འདུག ཁོང་ནས་གསལ་བསྒྲགས་གནང་བ་ཞིག་ནང་དམིགས་ཡུལ་གཙོ་བོ་ནི་ཡོང་རྒྱུའི་ལོ་བཅུ་ཕྲག་འདིའི་ནང་དཔལ་འབྱོར་ཡར་རྒྱས་ཚད་རྒྱ་ཆ་༩ ནས་ ༡༠ བར་ཡོང་ཆེད་ཡིན་པ་དང་། དེའི་ཆེད་ཉེ་འཁོར་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཁོར་ཡུག་ལ་ཞི་བདེ་དགོས་པ་དང་། དེའི་ཆེད་ཨ་མེ་རི་ཀ་དང་། ཨུ་རུ་སུ་། རྒྱ་ནག ཉི་འིང་དང་། ཡུ་རོབ་མཉམ་སྦྲེལ་རྒྱལ་ཁབ་དང་འབྲེལ་བ་མུ་མཐུད་ནས་ཉར་གནང་འདོད་ཡོད་གསུངས་འདུག

རྒྱ་གར་དང་བོད་གཉིས་དབར་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་བཞིན་ང་ཚོ་ཆོས་ལྡན་ཞིང་ཁམས་པས་རྒྱ་གར་འཕགས་པའི་ཡུལ་ཞེས་གུས་བསྐུར་ཞུ་སའི་ཡུལ་ལ་ངོས་འཛིན་གནང་གི་ཡོད་། ད་ཆ་བོད་ནང་ཆོས་སློབ་གཉེར་ཞུ་སའི་ལྟི་གནས་ཁག་མང་པོ་ཡང་རྒྱ་གར་ནང་ཆགས་ཡོད་།
ད་ལོའི་རྒྱ་གར་དམངས་གཙོའི་ལས་རིམ་གལ་ཆེན་པོ་ཞིག་རྒྱལ་ཁའི་ངང་སྒྲུབས་ཐུབ་པར་བཀྲིས་བདེ་ལེགས་གྲངས་མེད་ཡོད་།

ཨ་རིར་བོད་སོག་རིག་གཞུང་དུས་སྟོན་ཚུགས་འཆར་།

ཟླ་བ་༥ ཚེས་༢༤ ཉིན་ཨ་མི་རི་ཀའི་ཨཻན་ཌ་ཡ་ན་མངའ་སྡེར་ཡོད་པའི་བོད་སོག་ནང་ཆོས་རིག་གཞུང་ལྟེ་གནས་ནས་བོད་དང་སོག་པོའི་རིག་གཞུང་དུས་སྟོན་ཞིག་གོ་སྒྲིག་གནང་གི་འདུག དེ་སྐབས་ལྟེ་གནས་ཀྱི་དབུ་འཛིན་ཨཀྱ་རིན་པོ་ཆེ་མཆོག་ནས་བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་རྒྱུ་དང་། ཨ་རིར་ཡོད་པའི་སོག་པོ་རྒྱལ་ཁབ་ཀྱི་གཞུང་ཚབ་ལས་བྱེད་སྒོན་ཆིག་སྒོན་སྦོལ་ནས་སོག་པོའི་རིག་གཞུང་ངོ་སྤྲོད་གནང་གི་འདུག ཡང་བོད་དང་སོག་པོའི་གཞས་རྣ་དང་དངོས་པོ་ཚོང་རྒྱུ་ཡང་ཡོད་འདུག
ལྟེ་གནས་དེ་ནི་ཐོག་མར་༧སྐུའི་གཅེན་པོ་སྟག་ཚེར་རིན་པོ་ཆེ་ནས་དབུ་རྙེས་པ་དང་དེང་སང་ཨཀྱ་རིན་པོ་མཆོག་ནས་ཐུགས་འགན་བཞེས་གནང་བཞིན་རེད་། ལྟེ་གནས་དེ་ནི་བོད་དང་སོག་པོའི་ཡུལ་གྱི་ཕྱིར་དེ་འདྲ་བའི་ལྟེ་གནས་ཁོ་ན་དེ་ཡིན།

ས་ག་ཟླ་བའི་ཚེས་༡༥་དང་ཝེ་སག་སྐོར་གླེང་བ།

འདི་ལོའི་ཕྱི་ཟླ་༥ ཚེས་༨ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་ཉིན་མོའི་ཐོག་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་འདུག དེ་ཡང་ཤིན་ཧ་གསར་འགྱུར་ཁང་ནས་གནས་ཚུལ་འགྲེམས་སྤེལ་གནང་གསལ་ལ་དྲུང་ཆེ་མཆོག་ནས་འཛམ་གླིང་ཡོངས་ནས་སྟོན་པའི་སྙིང་རྗེ་ཐོག་བསླབ་བྱ་དེ་བཞིན་ཡག་པོ་ལེན་དགོས་པའི་སྐུལ་མ་གནང་འདུག

འདི་ལོའི་ཟླ་༥ ཚེས་༨ ནི་ཛམ་གླིང་ནང་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་ཉིན་མོ་ཡིན་པ་སྲུང་བརྩི་གནང་ཡོད་། ཉིན་དེར་ཝེ་སག་ཞེས་འབོད་སྲོལ་འདུག འོན་ཀྱང་བོད་ལུགས་ནང་ཆོས་འགྲོ་ལུགས་ལ་ཉིན་དེ་ནི་ས་ག་ཟླ་བའི་ཚེས་༡༥ ལ་སྲུང་རྩི་ཞུས་ཀྱི་ཡོད་ཅིང་དེ་ནི་འདི་ལོར་ཕྱི་ཟླ་༦ ཚེས་༧ ལ་ཉིན་། གང་ལྟར་ནང་པའི་ཁྱད་དུ་འཕགས་པའི་ཉིན་མོ་དེ་འདྲ་ཉིན་མ་མི་འདྲ་བར་སྲུང་བརྩི་བྱེད་པ་དེ་ནི་འཛམ་གླིང་འགྲོ་ལུགས་གཅིག་རེད་འདུག

ཨ་མེ་རི་ཀའི་ཀྲུང་གོར་གཞུང་ཚབ་གསར་པ་བསྐོ་བཞག་གནང་སོང་།

ད་ཉིན་ཞོག་པ་ཨ་མེ་རི་ཀའི་སྲིད་འཛིན་ཨོ་སྦ་མས་རྒྱལ་ཁབ་དེའི་རྒྱ་ནག་དུ་གནས་རྒྱུའི་གཞུང་ཚབ་གསར་པའི་མཚན་གསལ་བསྒྲགས་གནང་སོང་། ཁོང་ནི་ལོ་༤༩ ཡིན་པ་ད་ལྟ་ཡུ་ཌ་མངའ་བསྡེའི་སྤྱི་ཁྱབ་སྐུ་ཞབས་ཇོན་ཧན་ས་མེན་རེད་། ཨ་མེ་རི་ཀའི་ཆབ་སྲིད་འགྲོ་སྟངས་བཞིན་གྲོས་ཚོགས་གོང་མས་ཁོང་གི་བསྐོ་བཞག་དེ་གཏན་འབེབས་གནང་གི་རེད་།
སྐུ་ཞབ་ཧན་ས་མེན་ནི་རྒྱ་སྐད་མཁྱེན་མཁན་ཡིན་པ་དང་། དེ་སྔ་ཨ་མེ་རི་ཀའི་གཞུང་ནང་ཚོང་འབྲེལ་ལས་དོན་ལས་བྱེད་གནང་མྱོང་ཡོད་། ཡང་གནས་ཚུལ་མཁྱེན་དགོས་པ་ཞིག་ནི་ཁོང་གི་ཆབ་སྲིད་ལྟ་བ་ནི་སྲིད་འཛིན་ཨོ་སྦ་མའི་དམངས་གཙོ་ཚོགས་པའི་ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་ལྟ་བ་དེ་ཡིན་པ་རེད་། དེས་ག་རེ་སྟོན་གྱི་ཡོད་ཟེར་ན་ཨ་མེ་རི་ཀའི་སྤྱི་ཚོགས་ནང་བསམ་ཚུལ་མ་མཐུན་པ་ཡིན་པ་རྣམས་མཉམ་གནས་ཐུབ་པ་ཡོད་པ་དང་། གཞུང་འཛིན་དབུ་འཛིན་ནས་རྒྱལ་ཁབ་ཀྱི་ཁེ་ཕན་གཟིགས་ཐུབ་ནས་གང་ཟག་འབྱོན་པོ་ཡོད་པ་གང་ན་ཡོད་ཀྱང་དེ་ལ་མཉམ་གནས་ཐབས་ཤེས་གནང་གི་ཡོད་།
ཡང་བོད་རིགས་དང་འབྲེལ་བ་ཡོད་པ་ཞིག་ནི་སྐུ་ཞབས་ཧན་ས་མེན་ནས་༢༠༠༦ ལོར་ཁོང་གི་མངའ་སྡེའི་ནང་ཨ་མེ་རི་ཀའི་མི་སེར་ཡིན་པ་བོད་རིགས་ཕྱག་མཛོད་ཚང་པད་མ་ལགས་སུ་གཞུང་གི་ཨ་ཤི་ཡའི་སློབ་སྟོན་ལྷན་ཚོགས་སུ་བསྐོ་བཞག་གནང་ཡོད་། དེར་བརྟེན་ཁོང་བོད་པའི་གནས་ཚུལ་མཁྱེན་གྱི་ཡོད་པ་ངོས་འཛིན་གནང་ཐུབ།

བོད་པའི་ཚགས་པར་དང་པོ་གཟིགས་རྒྱུ་ཡོད་པ་རེད་འདུག

རྒྱ་གར་ཀ་ལོན་སྦུག་ནས་དོན་པའི་བོད་ཡིག་ཚགས་པར་དང་པོ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཟེར་བ་དེའི་དོན་ཐེངས་མང་པོའི་ངོ་ཤུས་ད་ཆ་དྲ་རྒྱའི་ཐོག་གཟིགས་ཐུབ་པ་བཟོས་འདུག ཨ་མེ་རི་ཀའི་ཁོ་ལམ་སྦེ་ཡ་སློབ་གྲ་ཆེན་མོ་ནས་གསར་ཤོག་དེའི་ངོ་བཤུས་རྣམས་དེ་གའི་དྲ་རྒྱ་ཐོག་བཞག་ཡོད་པའི་གསལ་བསྒྲགས་ཞིག་སྟོན་གནང་འདུག ལོ་མང་པོའི་སྔོན་གུས་ནས་བཞུགས་སྒར་དུ་ཡོད་པའི་བོད་ཀྱི་དཔེ་བཛོད་ཁང་དུ་གསར་ཤོག་དེའི་དོན་ཐེངས་མང་པོ་བཀླག་མྱོང་། རྩོམ་པ་པོ་མཐར་ཕྱིན་ལགས་ནས་གསར་ཤོག་དེ་ཐོག་བོད་དང་རྒྱུལ་སྤྱིའི་གནས་ཚུལ་རྣ་འཛོམས་བསྐོས་གནང་ནས་བོད་མིར་དེང་དུས་སྤྱི་ཚོགས་སྐོར་སློབ་གསོ་གནང་ཐབས་གནང་འདུག མཐར་ཕྱིན་ལགས་ནི་རྒྱ་གར་མི་སེར་ཡིན་པའི་བོད་རིགས་ཡེ་ཤུའི་ཆོས་ལུགས་པ་ཞིག་ཡིན་པ་དང་ཁོང་ནས་བོད་ཀྱི་རིག་གཞུང་ལ་ཐུགས་སྣང་ཆེན་པོ་ཡོད་འདུ
གུས་པས་ཧ་གོ་ཡག་ལ་གསར་ཤོག་དེ་བཞིན་ལྷ་ས་ཁུལ་དུ་ཀློག་མཁན་ཡོད་པ་ཡིན་འདུག འོན་ཀྱང་ཁམས་དང་ཨ་མདོ་ས་ཁུལ་ལ་གསར་ཤོག་དེ་འགྲོ་ཡི་ཡོད་པ་ཤེས་ཀྱི་མེད་། གང་ལྟར་འདི་ནི་བོད་རིག་པའི་ལོ་རྒྱུས་ལ་གོམ་པ་ལེགས་པ་ཞིག་རེད་།

ཨ་མེ་རི་ཀའི་ཁྲིམས་ཁང་ཆེན་མོའི་ཁྲིམས་དཔོན་བསྐོ་ཕྱོགས་སྐོར་གླེང་བ།

དེང་ཨ་མེ་རི་ཀའི་སྤྱི་ཚོགས་ནང་བགྲོ་གླེང་གནང་བཞིན་པའི་གནས་ཚུལ་གཅིག་ནི་རྒྱལ་ཡོངས་ཁྲིམས་ཁང་ཆེན་མོའི་ཁྲིམས་དཔོན་གསར་པ་ཞིག་བསྐོ་བཞག་གནང་ཕྱོགས་སྐར་རེད་། དེ་ཡང་ཁྲིམས་ཁང་ཆེན་མོའི་ནང་ཁྲིམས་དཔོན་དགུ་ཡོད་དགོས་ཞིང་དེའི་ནང་ནས་ཁྲིམས་དཔོན་གྲེ་ཝིཌ་སོ་ཀྲར་མཆོག་ནས་འདི་ལོའི་ཟླ་བ་དྲུག་པ་ནས་རྩ་དགོངས་ཞུ་འཆར་ཡོད་པའི་སྐོར་སྲིད་འཛིན་ཨོ་སྦ་མར་གསུངས་ཡོད་།

ཨ་མེ་རི་ཀའི་སྒྲིག་སྲོལ་ལྟ་་ཁྲིམས་དཔོན་རྣམས་བསྐོ་རྒྱུའི་འགན་དབང་ནི་གཞུང་འཛིན་སྲིད་འཛིན་ལ་ཡོད་། ཁྲིམས་དཔོན་རྣམ་པའི་ལྟ་བའི་འཁྱེར་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་འགྲོ་ལུགས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པས་ཁོང་རྣམ་པ་བསྐོ་བཞག་གནང་ཕྱོགས་དེར་ཆབ་སྲིད་ཀྱི་གནས་ཚུལ་ཡང་རྩིས་ཀྱི་ཡོད་རེད་། ད་ལྟའི་འཆར་ཁྲིམས་དཔོན་དགུའི་ནང་ནས་གཅིག་བུད་མེད་ཡིན་པ་དང་ཁྲིམས་དཔོན་ཆེ་བ་ཐེ་བས་ཁྲིམས་དཔོན་མང་བ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ནས་བསྐོ་བཞག་གནང་བ་རེད་། Continue reading “ཨ་མེ་རི་ཀའི་ཁྲིམས་ཁང་ཆེན་མོའི་ཁྲིམས་དཔོན་བསྐོ་ཕྱོགས་སྐོར་གླེང་བ།”

བོད་པའི་སྙན་ངག་མཁན་དོམ་པ་ཚེ་རིང་དབང་མོ་ལགས།

ད་ལྟ་གུས་ནས་བོད་མི་སྙན་ངག་མཁན་དོམ་པ་ཚེ་རིང་དབང་མོ་ལགས་སུ་བཅའ་དྲི་ཞུ་བ་ཞིག་ཉན་བཞིན་ཡིན། ཅའ་དྲི་ཞུས་ནས་ལོ་འགའ་ཞིག་ཕྱིན་འདུག བཅའ་དྲི་ཞུ་མཁན་ནི་བོད་མི་གཞོན་སྐྱེས་བ་གསུམ་ཙམ་རེད་འདུག ལས་རིམ་འདི་ཉན་པའི་སྐབས་གུས་པར་བསམ་བློ་འདི་ལྟར་འཁོར་བྱུང་།

དང་པོ་ནི་ཚེ་རིང་དབང་མོ་ལགས་ནས་དབྱིན་ཡིག་ནང་སྙན་ངག་བྲིས་ནས་ཨ་མེ་རི་ཀའི་སྙན་ངག་སྤྱི་ཚོགས་ནང་བོད་པའི་མིང་དེ་སྐྱེལ་གནང་ཐུབ་་པ་དེ་ཡིན། ཁོང་གི་སྙན་ངག་ཕྱོགས་སྒྲིག་གནང་བའི་དེབ་་གུས་ནས་ཀློག་པ་ཡིན་པས་གོ་བདེ་བཞིན་དེང་དུས་འཛམ་གླིང་ནང་གི་སྙན་ངག་འགྲོ་སྲོལ་རེད་འདུག་བསམ།་བཅའ་དྲི་འདིའི་ནང་ཁོང་ནས་སྙན་ངག་བརྗོད་གཞི་རྣམས་སོ་སོའི་མི་ཚེ་དང་ཐ་དད་བཞག་གནང་ཡོད་གསུངས་འདུག འོན་ཀྱང་ནང་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་བག་ཆགས་ཡོད་པ་དེ་ཡིན་གསུངས་འདུག ཚེ་རིང་དབང་མོ་ལགས་ནི་རྒྱ་གར་དང་བལ་ཡུལ་དུ་འཚར་ལོངས་གནང་རྗེས་ཨ་མེ་རི་ཀར་སློབ་གྲ་ཆེན་མོ་གནང་ཡོད་།
བསམ་བློ་གཉིས་པ་དེ་ནི་བཅའ་དྲི་ཞུ་སྐབས་སྐད་བེད་སྤྱོད་གནང་སྟངས་དེ་ཡིན། ཁོང་རྣམ་པས་གནད་དོན་རྣ་མང་ཐོག་བཀའ་མོལ་གནང་འདུག་རུང་། ཁོང་རྣམ་པ་ཚང་མས་བཀའ་མོལ་གནང་སྐབས་བོད་སྐད་མཉམ་དབྱིན་སྐད་མང་པོ་སྐྱོན་གནང་གི་འདུག གཅིག་བྱེད་ན་བཀའ་མོལ་གནང་ཡག་བརྗོད་གཞི་དེའི་རྐྱེན་གྱིས་དབྱིན་སྐད་གསུངས་གནང་དགོས་ཡོད་ཀྱི་རེད་། དེ་མིན་ན་ཕྱིར་སྡོད་བོད་མིའི་སྤྱི་ཚོགས་ཀྱི་ངོ་བོ་གསར་པ་དེ་འདྲ་ཡིན་ནམ།

བོད་པའི་རོལ་མོ་བ་ངག་དབང་མཁས་མཆོག་ལགས།

ང་ཚོ་བོད་མིའི་ནང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རོལ་མོའི་ཐོག་སྐད་བསྒྲགས་ཡོད་པ་ཉུང་ཤས་ནང་ནས་གཅིག་ནི་སྐུ་ཞབས་ངག་དབང་མཁས་མཆོག་ལགས་རེད་། ཁོང་ནི་བོད་ནང་འཁྲུངས་ནས་རྒྱ་གར་དུ་འཚར་ལོངས་གནང་། ཆུང་དུས་ནས་གྲ་པ་ཡིན་པ་དང་ལོ་འགའ་ཞིག་རིང་རྡ་རམ་ས་ལར་བསྙན་མཚམས་དུའང་བཞུགས་གནང་བ་རེད་། ༡༩༨༦ ལོར་ནུབ་ཕྱོགས་རྒྱལ་ཁབ་ཨོ་སི་ཀྲོ་རི་ལི་ཡར་གཞིས་ཆགས་གནང་། དེ་སྐབས་ཁོང་ནས་རོལ་མོར་ཐུགས་སྣང་གནང་ནས་རྒྱལ་སྤྱིའི་ནང་དོ་སྣང་སླེབས་པ་རེད་།
ཁོང་གི་རོལ་དབྱངས་ནི་རྒྱུན་སྲོལ་བོད་མིའི་རོལ་མོའི་ཡོ་ཆད་གླིང་བུ་དང་དུང་ཆེན་ལྟ་བུར་གཞི་བཅོལ་ནས་གདངས་ནི་དེང་དུས་ཀྱི་གདངས་ཐོག་རེད་པས་དེར་དགའ་མོས་གནང་མཁན་ཇི་མང་ཡོད་། ཁོང་ནས་གདངས་ཕལ་ཆེ་བ་ནང་པའི་ལྟ་བར་གཞི་བཞག་གནང་འདུག ཁོང་ནས་གསར་འགོད་པ་ཞིག་ལ་གསུངས་ཡག་ལ་ ངས་གངས་ཟག་ལ་སེམས་ཀྱི་ཞེ་བདེ་ཡོང་ཐུབ་པའི་རོལ་མོའི་གདངས་རྩོམ་གྱི་ཡོད་གསུངས་འདུག
༡༩༩༠ ནང་ཁོང་ནས་ཨ་མེ་རི་ཀར་གཞིས་ཆགས་གནང་ནས་ད་ཆ་ཁོ་ལ་ར་སྒྲོ་མངའ་སྡེའི་ནང་བཞུགས་གནང་ཡོད་།
ཁོང་ནས་ཐོག་མར་ཨོ་སི་ཀྲོ་རི་ལི་ཡའི་མི་རིགས་ཤིག་མཉམ་གཉེན་སྒྲིག་གནང་ནས་དེ་དང་སྐྱིད་སྡུག་ཐ་དད་གནང་རྗེས་དེང་བོད་རིགས་བ་ཚེ་རིང་གཡུ་སྒྲོན་ལས་མཉམ་གནང་ཡོད་།