དྲ་རྒྱ་འདིའི་སྐོར།

བཀྲིས་བདེ་ལེགས།

bhuchung-small

དྲ་རྒྱ་འདི་ནི་གུས་པའི་བསམ་ཚུལ་གང་དྲན་བྲིས་སའི་གླེང་སྟེགས་ཤིག་ཡིན། འདི་ནི་དེང་སང་དར་སྲོལ་དང་མཐུན་པའི་དབྱིན་སྐད་དུ་སྦོ་ལོག་(weblog or blog)ཟེར་བ་དེ་ཡིན། གུས་ནས་བོད་ནང་ནས་འདི་ལྟ་བུའི་སྦོ་ལོག་མང་པོ་ཡོད་པ་དེ་ཚོར་དགའ་པོའི་ངང་ནས་དོ་སྣང་བྱེད་ཀྱི་ཡོད་། ཁོང་རྣམ་པས་དྲ་རྒྱ་འདི་ལྟ་བུར་”ཟིན་བྲིས་”གསུངས་གནང་འདུག

ཟིན་བྲིས་འདི་ནང་གུས་པའི་མྱོང་འཚོར་འབྲི་རྒྱུ་དང་སྤྱི་ཚོགས་གནས་སྟངས་ལ་སོགས་ལ་གཏམ་བཤད་བྱ་རྒྱུ་ཡིན། འདིར་ཐོག་མ་ཉིད་ནས་ཞུ་རྒྱུ་ལ་གུས་པའི་བོད་ཡིག་དེ་ནི་མཁས་དབང་ངམ་བརྡ་སྤྲོད་གཞུང་ལུགས་ཚང་མ་ཤེས་མཁན་ཞིག་གི་གནས་ཚད་མ་ཡིན་པར་བོད་ཡིག་ལ་དོ་སྣང་བྱེད་འདོད་ཡོད་པའི་སྤྱིར་བཏང་གང་ཟག་ཞིག་གི་གནས་ཚད་ཡིན་པས་དེ་ལུགས་དགོངས་འཇགས་དང་། རྣམ་པ་ལྷན་རྒྱས་ནས་དགོངས་འཆར་གང་ཡོད་ལྷུག་པོར་གནང་བའི་རེ་བ་ཞུ་རྒྱུ་ཡིན། འཚམས་འདྲི་བཅས།

བུ་ཆུང་ཀེ་ཚེ་རིང་།

Advertisements

61 thoughts on “དྲ་རྒྱ་འདིའི་སྐོར།

  1. ཡུལ་སྐོར་བ།

    སྐུ་ཞབས་བུ་ཆུང་ཚེ་རིང་ལགས་སུ་སྔོན་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
    ཁྱེད་ཀྱི་ཟིན་བྲིས་དོ་རྭ་འདི་དངོས་གནས་དམིགས་བསལ་ཞིག་འདུག ང་ཚོའི་བོད་ནང་གི་བོད་མི་ཚོས་གཟིགས་ཐུབ་ན་ཏན་ཏན་མཉེས་པོ་ཡོང་ས་རེད། མུ་མཐུད་ཨ་རིའི་ནང་གི་གལ་ཆེའི་གནས་ཚུལ་དང་དམིགས་བསལ་ཨ་རིའི་གཞུང་ནས་བོད་ཐོག་འཛིན་པའི་སྲིད་ཇུས་དང་དེ་མིན་བོད་དང་འབྲེལ་བའི་གནས་ཚུལ་ཐོག་ཁྱེད་ཀྱི་གཟིགས་ཚུལ་དང་བཅས་པ་མང་ཙམ་སྤེལ་གནང་ཡོང་བའི་རེ་འདུན་དང་ཟིན་བྲིས་དོ་རྭ་འདིའི་ནང་ཀློག་པ་པོ་མང་ཙམ་ཕེབས་ཐུབ་པའི་སྨོན་འདུན་དང་བཅས།
    བོད་པ་ཞིག་ནས།

    1. Bhuchung

      ཡུལ་སྐོར་བ་ལགས།
      ཉིད་ནས་གུས་པའི་སྦོ་ལོག་ཐོག་དགོངས་འཚུལ་སྟོན་གནང་བར་ཐུགས་རྗེ་ཆེ། དྲ་རྒྱ་འདིར་གུས་ནས་སྤྱིར་བཏང་གནས་ཚུལ་ཐོག་བསམ་ཚུལ་སྟོན་འདོད་ཡོད་། དེ་ཚོ་བོད་དང་འབྲེལ་བ་ཡོད་སྲིད་ལ་མེད་པའང་ཡོང་སྲིད་། གུས་ནས་བོད་དང་འབྲེལ་བའི་འགྲེལ་བརྗོད་ནི་དབྱིན་ཡིག་ཐོག་ཡོད་དེ་ཐུགས་འདོད་ཡོད་ན་་www.tibetreport.wordpress.comགཟིགས་གནང་རོགས་གནང་།

      བུ་ཆུང་ཚེ་རིང་།

  2. བརྩེ་བའི་རྩོམ་པ་པོ་བུ་ཆུང་ལགས།

    ཉིད་ལྟ་བུ་དབྱིན་ཡིག་ནང་རྩོམ་འབྲི་མཁན་ཚོས་འདི་ལྟར་བོད་ཡིག་ཐོག་རྩོམ་བྲིས་པ་དེ་ལ་སྙིང་ཐག་པ་ནས་དགའ་བསུ་ཡོད། སྙན་ངག་དང་མངོན་བརྗོད་སོགས་ཀྱི་ཤུགསརྐྱེན་མ་ཐེབས་པའི་རྩོམ་ཡིག་གི་ལམ་སྲོལ་ཞིག་ང་ཚོ་དགོས་ཐག་ཆོད་ཡིན་པ་འདྲ་ལ། སྔོན་མ་ཟླ་བ་ནོར་བུ་དམ་པས་ཀྱང་བོད་ཡིག་ནང་རྩོམ་བྲིས་འདུག་པ་ང་ཚོས་དུས་བབ་ཐོག་པར་སྐྲུན་བྱས་མྱོང་།
    ཐུགས་རྗེ་ཆེ་ཞུ།

    1. Bhuchung

      སྐུ་ཞབས་དགེ་འདུན་རབ་གསལ་ལགས།
      ཉིད་ནས་གུས་པའི་ལས་འགུལ་འདིར་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ། གུས་པའི་རེ་འདུན་ལ་བོད་ཡིག་ནང་འབྲི་སྲོལ་འདི་འདྲ་མང་པོ་བྱུང་ན་ད་ལྟ་བོད་ཡིག་ཀློག་རྒྱུར་ཐེ་ཚོམ་བྱེད་མཁན་ཚོས་དོ་སྣང་བྱེད་ཐུབ་རྒྱུར་ཕན་ཐོག་ཡོང་རྒྱུ་ཡིན་པ་དེ་ཡིན།
      འཚམས་འདྲི་བཅས།

  3. འཐབ་གྲོགས་བུ་ཆུང་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཀྱི་དྲ་རྒྱ་འདི་ཚིག་ཉུང་དོན་ཟབ་གོ་བདེ་ཡག་པོ་འདུག ལྷག་པར་ཨ་རིའི་སྲིད་འཛིན་ཨོ་སྦ་མའི་དམ་འབུལ་རྗེས་ཀྱི་གསུང་བཤད་ཀྱི་དོན་སྙིང་ཟུར་དུ་བཏོན་པ་དེ་དང་འདྲ་བ་མུ་མཐུད་བཏོན་ན་ཀློག་པ་པོ་རྒན་གཞོན་ཚང་མར་ཕན་ཐོག་ཡོང་བ་འདུག རྒྱུན་འཁྱོངས་པའི་རེ་སྨོན་བཅས། འཆི་མེད་རིག་འཛིན་དང༌། བྱམས་པ་བསྟན་འཛིན་ཟུང་ནས།

  4. དབུས་ཕྲུག་ཚེ་རིང།

    བུ་ཆུང་ཚེ་རིང་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ།

      1. བཀྲ་ཤིས་དོན་འགྲུབ།

        བཀྲ་ཤིས་བདེ་ལེགས།གང་ཉིད་ཀྱིས་ལོ་མང་རིང་བོད་དོན་དང་འབྲེལ་བའི་ཕྱག་ལས་གང་མང་མཛད་པར་ཐུགས་རྗེ་ཆེ།

      2. Bhuchung Tsering

        ཉིད་ནས་གུས་པའི་ཟིན་བྲིས་སུ་ཕེབས་པར་ཐུགས་རྗེ་ཆེ།

  5. དབུས་ཕྲུག་ཚེ་རིང།

    བུ་ཆུང་ཚེ་རིང་ལགས།སྐུ་ཉིད་ཀྱི་སླེབས་ལ་ཉེ་བའི་བཀའ་ཁྲི་དེའི་འོས་ཆོས་དང་།དམིགས་བསལ་གྱིས་ཁྱད་ཆོས་གང་འདྲ་ཞིག་དགོས་ཀྱི་འདུག་དགོངས་ཀྱི་ཡོད་དམ།དེ་ནི་ང་རང་རྒྱུན་དུ་ནས་ཆབ་སྲིད་ཀྱི་གནས་ཚུལ་ཐོག་དོ་སྣང་ཅུང་བྱེད་མི་ཞིག་གི་ངོས་ནས་བཀའ་འདྲི་ཞུས་པ་ཡིན།ད་དུང་སྐུན་ཉིད་ཀྱིས་དགོངས་ཚུལ་རྣམས་ཕྲན་གྱི་ཟིན་བྲིས་ནང་འདོན་ཆོག་དང་མི་ཆོག་གི་ཆད་མཚམས་ཤིག་གསུང་རོགས།

    1. Bhuchung Tsering

      དབུས་ཕྲུག་ཚེ་རིང་ལགས། བཀའ་བློན་ཁྲི་པའི་སྐོར་གུས་ནས་བསམ་ཚུལ་གཅིག་བྲིས་འཆར་ཡིན། དེ་བར་ངང་སྒུག་གནང་རོགས་གནང་། ཁྱེད་ཀྱི་ཟིན་བྲིས་ཁ་བྱང་དེ་གང་ཡིན་ནམ།

  6. དབུས་ཕྲུག་ཚེ་རིང།

    བཀའ་ཁྲི་འཚོལ་བ་ཞེས་པ་དེ་འོག་གི་ཚེས་གྲངས་བཞིན་བཀའ་ཁྲིའི་སྐོར་གྱི་ཕྲན་གྱི་བསམ་ཚུལ་རྣམས་ཡིན།འོན་ཀྱང་རང་ཉིད་ཀྱི་བཀའ་འཁྲིའི་འོས་དམིགས་ད་ལྟ་གཏོན་མེད།
    འདོན་སྤེལ། ༢༠༠༩/༠༥/༢༡

    དབུས་ཕྲུག་ཚེ་རིང༌།

    དུས་རིམ་འདི་ནི་བོད་མི་རིགས་ཀྱི་ལས་དབང་དང་རྒྱ་བོད་གཉིས་ཀྱི་འབྲེལ་མོལ་གྱི་ད་ལྟའི་གནས་བབས་ལ་མཚོན་ན་ཆེས་གལ་འགངས་ཅན་ཞིག་ཡིན་སྟབས། བོད་ཕྱི་ནང་གི་གངས་ཅན་པ་ཡོངས་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་མོ་ཞིག་ཡིན། བཙན་བྱོལ་ནང་གི་དྲ་རྒྱ་ཁག་དང་དྲ་རྒྱའི་ནང་གི་ཟིན་བྲིས་སོགས་གང་སར་སྐབས་༡༤ པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པར་སུ་འོས་མིན་སྐོར་ཚ་ཚ་འུར་འུར་དུ་གླེང་སློང་བྱེད་བཞིན་འདུག །གཞོན་སྐྱེས་མང་པོ་ཞིག་གི་བསམ་བློའི་གྲུ་ཟུར་ན་སྐབས་༡༤ པའི་བོད་མི་དམངས་ཀྱི་བཀའ་ཁྲིའི་གདན་ཐོག་ཏུ་གཞོན་སྐྱེས་ཤིག་འབྱུང་ན་འདོད། ངའི་བསམ་གཞིག་གི་རླབས་རྩེ་རུ་ལྡིང་འོང་བ་ནི་དེ་ལྟར་མ་ཡིན། ལོ་ངོ་བདུན་གྱི་རིང་ངམ་ཐག་རིང་ས་ནས་བཤད་ན་ལོ་ངོ་སུམ་ཅུའི་ནང་གི་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་དང༌། བཙན་བྱོལ་བོད་གཞུང་དམངས་གཉིས་ས་གཏན་དང་ལེགས་བཅོས་ཀྱི་བྱ་འགུལ། གོ་ལའི་དཔལ་འབྱོར་སོགས་ཀྱི་སྣང་ཚུལ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབས་གང་ཐད་ནས་གཞིག་ཀྱང་འབྱུང་འགྱུར་སྐབས་༡༤ པའི་བཀའ་བློན་ཁྲི་པ་དེ་ལས་སླ་པོར་ནམ་ཡང་བསམ་མི་ཉན། འདས་ཟིན་པའི་དུས་རིམ་ནང་ནས་སྐབས་༡༣ པའི་བཀའ་བློན་ཁྲི་པ་ལས་ལྷག་པ་ཞིག་གཅིག་ཀྱང་བྱུང་མེད་རུང་ད་ལྟ་ང་ཚོར་མདུན་དུ་གོམ་འགྲོས་སྤོ་རྒྱུ་ལས་གཞན་བྱ་ཐབས་ཅི་ཡང་མེད། འོན་ཀྱང་ང་ཚོས་གཞོན་སྐྱེས་ཤིག་འབྱུང་འགྱུར་གྱི་བཀའ་ཁྲིའི་རྐུབ་སྟེགས་ཐོག་བཞག་སྟེ་ཉམས་མྱོང་རིམ་གསོག་དང༌། སྦྱོང་བསྡར་གྱི་གོ་སྐབས་སུ་བརྩིས་ནས་བཀའ་ཁྲིར་འོས་པར་རློམ་པ་ནི་རྦད་དེ་ནོར་འཁྲུལ་ཚབས་ཆེན་ཞིག་རེད། འབྱུང་འགྱུར་གྱི་བཀའ་བློན་ཁྲི་པར་ཚང་དགོས་པའི་མ་མཐའི་ས་མཚམས་ནི། ལྷག་བསམ་གཡོ་བ་མེད་པ། རང་གི་རིག་གཞུང་ལ་དཀའ་ཚེགས་མེད་ཅིང༌། དབྱིན་སྐད་ཀྱང་གོ་བརྡ་ཡོངས་སུ་འཕྲོད་པ། ཉུང་མཐར་བཙན་བྱོན་གཞུང་གི་སྒྲིག་འཛུགས་ནང་ལོ་ངོ་བཅུ་ཙམ་གྱི་ཉམས་མྱོང་ཚད་ལྡན་ཡོད་པ། བོད་ཕྱི་ནང་གི་གནས་ཚུལ་ལྟ་ཅི། འཛམ་གླིང་སྤྱི་ཡོངས་ཀྱི་གནས་བབས་དང་ལྷག་དོན་རྒྱ་ནག་གཞུང་གི་ཁྲིམས་དང༌། ལམ་ལུགས་ལ་རྒྱུས་མངའ་ལེགས་པོ་ཡོད་པའི་ཐོག །བོད་ཀྱི་དཀའ་རྙོག་སེལ་རྒྱུར་བློ་གདེང་དང་སྤོབས་པ་མཐོ་བ། དྲང་ཚུགས་གཏན་ཅིང་བསམ་བློ་གསར་པ་ཞིག་དགོས་པ་ལས། མཁས་དབང་དང་རྩོམ་པ་པོ་གཞོན་སྐྱེས་ཙམ་གྱིས་ད་ལྟའི་གལ་འགངས་ཆེ་བའི་དུས་ཚོད་འདིར་རྔོ་མི་ཐོགས་པ་ཡིན། འོན་ཀྱང་ང་ཚོས་འབད་དགོས་པ་ཞིག་ལ། མཁས་དབང་བློ་བཟང་སེང་གེ་ལགས་དང་པད་མ་འབུམ། ཚེ་རིང་ཤཱཀྱ། འཇམ་དབྱངས་ནོར་བུ། བུ་ཆུང་ཚེ་རིང་ལགས། ཚེ་བརྟན་དབང་ཕྱུག་སོགས་ཤེས་ཡོན་ཅན་དང་གུ་ཡངས་ཀྱི་བསམ་བློ་བའི་རུ་དཔུང་འདི་དག །སྐབས་༡༥ པའི་སྤྱི་འཐུས་ཀྱི་འོས་འདེམས་ནང་ང་ཚོའི་སྤྱི་ཚོགས་ཀྱི་མདུན་ལྗོངས་ཏེ་བོད་མི་དམངས་སྤྱི་འཐུས་ཀྱི་གར་སྟེགས་སུ་མགྲོན་འབོད་བྱས་ཏེ་མདུན་སྐྱོད་དང༌། གསོན་ཤུགས་ཀྱི་རེ་བ་ཕྲ་བའི་སྤྱི་འཐུས་ཀྱི་ཚོགས་ར་འདི་ཉིད་ལ་སློབ་གསོ་དང་དཔལ་འབྱོར་རིག་པ། ཆབ་སྲིད་དང་ལོ་རྒྱུས་རིག་པ་སོགས་ཀྱི་ཐད་ཤེས་ཡོན་ཚད་ལྡན་པ་ཡོད་པ་དགོས་གལ་ཆེ་ལ། གུ་དོག་གི་བསམ་བློ་དང་ཀྱག་ཀྱོག་གི་ལམ་བུ་འདི་དག་ལ་བཅོས་བསྒྱུར་ནན་མོ་ཞིག་བྱ་དགོས། ལས་རིམ་དེ་དག་གི་ཁྲོད་ནས་ཁོང་དག་འབྱུང་འགྱུར་བོད་ཕྱི་ནང་གི་རེ་ལྟོས་བྱ་ཡུལ་དང་བཀའ་ཁྲིའི་དམིགས་འབེན་དུ་འགྱུར་ངེས་ཡིན།།

    ཤོག་ངོས་འདི་ཐེངས་ ༣༢༧ ལ་བཀླགས་འདུག

  7. དབུས་ཕྲུག་ཚེ་རིང།

    བུ་ཆུང་ཚེ་རིང་ལགས།་ཐུགས་རྗེ་ཆེ།ཕྲན་གྱི་ཡར་ཀླུང་སྒྱུ་རྩལ་ཞེས་པའི་ཁ་བྱང་ཐོག་གནང་ན་ཕྲན་གྱི་ཟིན་བྲིས་ཐོག་ངོ་སྤྲོད་དང་སྦྲགས་བཀོད་ཆོག་པ་ཞུ།རྡ་ས་ནས་ཕྲན་དབུས་ཕྲུག་ཚེ་རིང་གིས་ཕུལ།

  8. དབུས་ཕྲུག་ཚེ་རིང།

    ཕྲན་ལ་བོད་ནང་དུ་མྱུག་མིང་སྐྱ་མདའ་ཞེས་པའི་འོག་ཧི་གཟུགས་ནང་ཟིན་བྲིས་ཤིག་དང་དུས་བབ་ནང་དབུས་ཕྲུག་ཚེ་རིང་ཞེས་པའི་ཟིན་བྲིས་གཉིས་ལས་རང་ཉིད་སྒེར་བདག་གིས་ཁ་ཕྱེ་བའི་ཟིན་བྲིས་མེད།

    1. སེར་གཙང་འཇམ་དབྱངས།

      རྒན་ལགས་རྒན་ལགས་ཀྱི་དྲ་རྒྱ་འདི་བལྟ་འདོད་ཆེན་པོ་ཡོད་ཀྱང་ཡིག་གཟུགས་ངོས་མི་གསལ་བས་
      བལྟ་བདེ་བོ་མིན་འདུག་པས་ལམ་བསྟོན་ཡོད་པ་མཁྱེན།།

      1. Bhuchung Tsering

        འཇམ་དབྱངས་ལགས་ནས་ཟིན་བྲིས་འདིར་ཕེབས་པར་ཐུགས་རྗེ་ཆེ། ཕལ་ཆེར་ཨིན་ཊར་ནེཊ་ཨེག་སེ་པོ་ལོ་རར་བརྒྱུད་གཟིཌ་གནང་བ་ཡིན་ན་ན་གཟིཌ་ཐུབ་བསམ།

  9. བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།

    བུ་ཆུང་ལགས། ཁྱེད་ཀྱིས་འདི་ལྟར་བོད་ཡིག་གི་ཟིན་བྲིས་སྤེལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། བོད་ཡིག་མ་གཏོགས་མི་ཤེས་པའི་བོད་མི་ང་ཚོར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་གནས་སྟངས་སོགས་རིམ་བཞིན་ངོ་སྤྲོད་གནང་རོགས། བཀྲ་ཤིས་བདེ་ལེགས།

    1. Bhuchung Tsering

      སྐུ་ཉིད་ནས་གུས་པའི་ཟིན་བྲིས་ཐོག་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། གུས་པའི་ཟིན་བྲིས་ཐོག་ལེགས་ཉེས་ཀྱི་དགོངས་ཚུལ་གནང་སྐྱོང་གང་རོགས་ཞུ་རྒྱུ་ཡིན།་་བུ་ཆུང་ཚེ་རིང་གིས།
      ཕུལ།།

  10. བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།

    བཀའ་ལན་དུས་ཐོག་གནང་བ་བཀའ་དྲིན་ཆེ།

  11. ཨ་ཚོགས་བློ་བྷེ།

    བཀུར་འོས་སྐུ་ཞབས་བུ་ཆུང་ལགས་ཀྱིས་བོད་ཡིག་ཐོག་རྩོམ་ཡིག་སྤེལ་བར་སེམས་ནས་དགའ་ཡོད། ཕྱི་རྒྱལ་གྱི་རྩོམ་ཡིག་མང་བོ་ཞིག་བོད་བསྒྱུར་གནང་ཐུབ་ན་དེ་བས་ཕན་རླབས་ཆེ་བ་ཐེ་ཚོམ་མེད།

    1. Bhuchung Tsering

      ཁྱེད་ནས་གུས་པའི་ཟིན་བྲིས་ཐོག་ཕེབས་པར་ཐུགས་རྗེ་ཆེ། དེ་གའི་དགོངས་འཆར་ཐོག་བསམ་བློ་གཏོང་དགོས་འདུག གུས་ནས་བོད་ཡིག་ལ་དོ་སྣང་མང་ཙམ་དང་དེ་བརྒྱུད་ཡར་རྒྱས་ཡོང་རྒྱུའི་འདུན་པ་བྱེད་བཞིན་ཡོད་། ད་ལྟའི་འཆར་ཕྱི་རྒྱལ་སྤྱི་ཚོགས་ནང་བོད་དང་འབྲེལ་བ་ཡོད་པ་ཚོར་འགྲེལ་བརྗོད་གང་ཐུབ་བྱས་ནས་མ་འོངས་པར་དེ་ལས་ལྷག་པ་ཞུ་ཐུབ་ན་བསམ།

  12. ༡བུ་ཆུང་ཚེ་རིང་ལགས་ནས་བོད་ཡིག་ནང་ཟིན་བྲིས་འདི་འདྲ་ཞིག་གཉེར་བར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག རྒན་རབས་པ་མང་པོ་ཞིག་འདི་ལྟར་དྲ་ངོས་སུ་ཕེབས་ཐུབ་པ་བྱུང་ན་ཡག་པོ་ཡོང་བ་འདུག
    ༢ ཁྱེད་རང་གི་ཟིན་བྲིས་འདི་ང་ཚོས་ཉིན་རྟག་པར་ཀློག་གི་ཡོད། ཤེས་དགོས་པ་མང་པོ་ཞིག་ཤེས་ཡོང་གི་འདུག ཆད་མེད་དུ་སྤེལ་གནང་རོགས་ཞུ་ཡག་ཡིན།

    1. Bhuchung Tsering

      ཉིད་ནས་གུས་པའི་ཟིན་བྲིས་ཐོག་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། གུས་པའི་རེ་སྨོན་ཡང་ཟིན་བྲིས་འདི་རིགས་གང་མང་ཡོང་ཐབས་དེ་ཡིན།
      བུ་ཆུང་ཚེ་རིང་།

  13. བསེ་རུ།

    མཁྱེན་ཡངས་བུ་ཆུང་ཚེ་རིང་ལགས།
    འདི་ལྟར་ས་མཐའ་ནས་རང་སྐད་དྭངས་མའི་ཟིན་བྲིས་ཤིག་དུས་རབས་ཀྱི་དྲ་བའི་བང་མཛོད་དུ་འཇོག་གནང་བར་འཚམས་འདྲི་དང་ཞུ་རྒྱུ་དང་།
    ཁོ་བོར་སྒེར་གྱིས་བཟོས་པའི་ཟིན་བྲིས་ཤིག་མེད་ཀྱང་དུས་བབ་གསར་ཤོག་གི་ཟིན་བྲིས་ཁོངས་སུ་ཟིན་བྲིས་ཤིག་དང་། ཧི་གཟུགས་ཟིན་བྲིས་སུ་ཟིན་བྲིས་ཤིག་སྒོ་ཕྱེ་ཡོད། ལྷག་པར་དུས་བབ་ཟིན་བྲིས་དང་མཆན་གྱི་ནང་ངས་ཡིག་ནོར་གྱི་ཐོག་ལ་དོ་སྣང་གཙོ་བོ་བྱེད་ཀྱིན་ཡོད།
    དེ་ནི་ངས་སྐད་ཡིག་ལ་བཅངས་པའི་འདུ་ཤེས་ལྷད་མེད་དེ་ཡིན། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ་བརྟེན་དགོས་པས་སོ།།

  14. Yudug

    བུ་ཆུང་ལགས། འདས་པའི་ལོ་ཉི་ཤུ་མ་ཟིན་ཙམ་གྱི་རིང་ལ་ཁྱེད་ཀྱི་མིང་གོ་མྱོང་ཞིང་། བོད་གནས་སྐྱར་ཞིབ་ཐོག་གི་ཆེད་རྩོམ་དེ་དག་ཀྱང་སྐབས་སྐབས་སུ་ཀློག་མྱོང་བ་མ་ཟད། ཀུན་གླེང་ཐོག་ཏུའང་མཚམས་མཚམས་ལ་ཁྱེད་ཀྱི་སྐད་ཆར་ཉན་པ་ཡིན་མོད། ཡིན་ནའང་དེ་རིང་བར་དུ་ཁྱེད་ལ་དམིགས་བསལ་གྱི་དོ་སྣང་གང་ཡང་བྱུང་མ་སོང་། བོད་ཡིག་ཏུ་རྩོམ་འབྲི་བ་འདིས་ཁྱེད་རང་བཙན་བྱོལ་ཁྲོད་ཀྱི་ལོ་རྒྱུས་མི་སྣ་ཞིག་ཏུ་འགྱུར་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད། ངས་ཁྱེད་ཀྱི་མི་ཚེའི་རྒྱབ་ལྗོངས་ཀློག་འདོད་འདུག དེ་འདྲའི་གནས་ཚུལ་གང་དུ་ཀློག་རྒྱུ་ཡོད་དམ། ངོ་སྤྲོད་ཅིག་གནང་རོགས། ཞོར་དུ་ཞུ་རྒྱུ་ཞིག་ལ་ཡིག་གཟུགས་ཅུང་ཆེ་རུ་མ་བཏང་ཚེ། ཀློག་མཁན་ཚོའི་མིག་ལ་གནོད་ཐག་ཆོད་འདུག ཅེས་རེབ་གོང་གཡུ་འབྲུག་གིས།

    1. Bhuchung Tsering

      གཡུ་འབྲུག་ལགས། ཉིད་ནས་གུས་པའི་ཟིན་བྲིས་སུ་ཕེབས་པ་ཐུགས་རྗེ་ཆེ་། གུས་པའི་ཟིན་བྲིས་དང་ཀྲུ་ཝི་ཀྲར་བོད་ཡིག་ཐོག་ཡོད་པ་དེ་གུས་པ་རང་ལ་སྐད་ཡིག་ཐོག་དོ་སྣང་ཐོལ་པ་ཡོང་བའི་བསྐུལ་མ་ཡིན། ཡིག་གཟུགས་ཐད་འདི་ནས་བཟོ་རྒྱུ་གང་ཡང་མིན་འདུག wordpress ལ་ཡིག་གཟུགས་ཆེ་རུ་བཏང་ཐབས་ཡོད་ས་མིན་འདུག གལ་ཏེ་དེ་ཐོག་མཁྱེན་རྒྱ་ཡངས་པ་དེ་འདྲ་ཡོད་ན་གུས་པར་སློབ་སྟོན་གནང་རོགས་གནང་། སྐུ་ཅི་།

  15. choedak

    མཁྱེན་ལྡན་བུ་ཆུང་ཚེ་རིང་ལགས། སྐུ་ཉིད་ཀྱིས་བོད་དོན་དང་འབྲེལ་པའི་ཕྱག་ལས་རབ་དང་རིམ་པ་གནང་དང་གནང་བཞིན་པའི་གནས་ཚུལ་མཐོང་ཐོས་བྱུང་མྱོང་པས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ། སྐུ་ཉིད་ལྟ་བུ་ཆབ་སྲིད་བསམ་བློའི་གོ་རྟོགས་ལེགས་ཤིང་རྒྱལ་སྤྱིའི་གནས་བབ་མཁྱེན་མཁན་ཚོའི་ངོས་ནས་རང་རིགས་གཞོན་སྐྱེས་ཚོར་རང་རེའི་རྩ་དོན་ཐོག་འགན་འཁྲི་འཁྱེར་སྟངས་ཀྱིས་མཚོན་པའི་ལམ་སྟོན་མང་ཙམ་བྱ་རྒྱུ་དགོས་གལ་ཆེ་བར་མཐོང། སྐུ་ཉིད་ཀྱིས་རང་གི་སྐད་ཡིག་ལམ་ནས་འདི་ལྟར་ཟིན་བྲིས་བཟོ་སྤྱོད་གནང་པར་དགའ་བོ་བྱུང། ཕྱག་ལས་ལམ་ལྷོང་ཡོང་པའི་སྨོན་འདུན་བཅས། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་རིག་གནས་དགེ་མིང་སྤྲོ་ཚིགས་ཆོས་གྲགས་ནས།

    1. Bhuchung Tsering

      རྒན་ཆོས་གྲགས་ལགས་ནས་དགོངས་ཚུལ་གསུངས་གནང་བར་ཐུགས་རྗེ་ཆེ། གུས་པར་བོད་ཡིག་ཐོག་གང་ཐུབ་བྲིས་ཐབས་བྱ་རྒྱུའི་འདུན་པ་ཡོད་། འདི་གར་གསུམ་རྟགས་ལ་སོགས་ཐོག་ལེགས་བཅོས་ཀྱི་དགོངས་ཚུལ་གནང་རོགས་ཞུ་རྒྱུ་ཡིན།

  16. བསེ་རུ།

    མཁྱེན་ཡངས་བུ་ཆུང་ཚེ་རིང་ལགས་སུ།
    ཁོ་བོས་དྲ་ངོས་འདིར་འཛུལ་ཐེངས་རེ་རེ་བོད་པའི་མཁས་པ་ཚོས་འདིའི་དྲ་ཐོག་གི་དགོངས་ཚུལ་རེ་གསུངས་ཐུབ་ན།
    དུས་རབས་དང་མཐུན་ཞིང་རྒྱ་ཁྱབ་ཏུ་འགྲོ་བའི་གོ་སྐབས་དམིགས་བསལ་ཞིག་དུ་མཐོང་གིན་ཡོད།
    སྐུ་ཉིད་ཀྱིས་ཞར་ཞོར་དུ་བོད་དོན་སོགས་དང་འབྲེལ་བའི་སྐོར་གྱི་ཟིན་བྲིས་གང་མང་སྤེལ་རོགས།
    སྐུ་ཉིད་ཀྱི་ཟིན་བྲིས་ལ་ཐུགས་སྣང་གནང་མཁན་ནི་ཇེ་མང་ནས་ཇེ་མང་ཡིན་པའི་མྱོང་ཚོར་བྱུང་།
    ཐུགས་རྗེ་ཆེ།
    ས་མཐའི་ཡུལ་གྱུར་བ་བསེ་རུས།

  17. Tsering kyi

    རྒན་ལགས།
    རྒན་ལགས་ blog གཉེར་མཁན་ཞིག་ཡིན་པའི་ཆ་ནས་གུས་མོར་དགོངས་འཆར་ཞིག་གནང་རོགས། blog ལ་བོད་སྐད་དུ་མིང་སྣ་ཚོགས་ཤིག་ཡོད་པ་དང༌། བོད་ཕྱི་ནང་གང་དུ་ཡིན་ཡང་གཅིག་གྱུར་གྱི་མིང་ཞིག་མི་འདུག ཟིན་བྲིས་ཞེས་འབོད་ཀྱིན་འདུག་ལ་པོད་ཁུག་ཅེས་ཀྱང་འབོད་ཀྱིན་འདུག དོན་དངོས་སུ་ blog ལ་བོད་སྐད་དུ་ཇི་ལྟར་འབོད་དམ། ངས་ཟིན་བྲིས་ཀྱི་བརྙན་འཕྲིན་ལེ་ཚན་ཞིག་གཉེར་ཐུབ་པར་གྲ་སྒྲིག་བྱེད་ཀྱིན་ཡོད་ཀྱང་ blog ལ་མི་ཚང་མས་འབོད་ཆོག་ཆོག་གི་བོད་སྐད་ཀྱི་མིང་དོན་མཚུངས་པའི་མིང་ཞིག་དགོས་ཀྱིན་འདུག་པས། ང་ལ་དགོངས་འཆར་ལྷུག་པོར་གནང་རོགས་ཞུ།

    1. Bhuchung Tsering

      ཚེ་རིང་སྐྱིད་ལགས་སུ། ངའི་བསམ་པར་ཁ་རྒྱུན་དང་བེད་སྤྱོད་གཉིས་ཀའི་ཐོག་ནས་ཟིན་བྲིས་གསུངས་ན་ལེགས་པ་འདུག པོད་ཁུག་དེ་ཕལ་ཆེར་དབྱིན་ཡིག་ཐོག་མིང་དེ་རྒྱ་སྐད་དུ་བསྒྱུར་ནས་དེ་བོད་སྐད་དུ་བྲིས་པ་འདྲ་པོ་འདུག

  18. ཟིན་བྲིས་ལེགས་པོ་འདུག འོན་ཀྱང་ད་དུང་ཡིག་གཟུགས་བསྒྱུར་བཅོས་དང་ཡིག་གཟུགས་ཆེ་ཆུང་ལ་སོགས་པར་ཐུགས་སྣང་གནང་དགོས་འདུག བཀྲ་ཤིས་བདེ་ལེགས་ཞུ།

    1. Bhuchung Tsering

      སྐུ་ཉིད་ནས་ཟིན་བྲིས་སུ་ཕེབས་པར་འཚམས་འདྲི་དང་དགོངས་འཆར་དེ་ཚོར་གུས་ནས་གང་ཐུབ་ལག་ལེན་ལྟར་རྒྱུ་ཡིན།

  19. pasang

    ཁང་གསར་རྡོ་རྗེ་ལགས་སྐུ་ཁམས་བཟང་།
    ཁྱེད་ལ་འཕྲད་པའི་དཀའ་ངལ་ནི་ཡིག་གཟུགས་ཀྱི་གནད་དོན་མིན།
    Microsoft Office Word 2007 ནང་ཡི་གེ་འོག་དུ་ཤོར་འདུག་ན།
    ༡ Word Options ཁ་འབྱེད།
    ༢ Popular དཀར་ཆག་སྟེངས་ཞོག
    ༣ Language settings མཐེབ་སྒྲོགས་ནོན།
    ༤ editing languages སྡེ་ཚན་ཐོག་ཞོག
    ༥ གཡས་ངོས་ཀྱི་རེའུ་མིག་ནང་གི tibtan PRC ཞེས་པར་རྟགས་རྒྱོབ།
    ༦ དེ་ནས་ Add ཞེས་པའི་མཐེབ་སྒྲོག་ལ་ནོན།
    ༧ Ok ནོན།
    ༨ Word སྒོ་རྒྱོབ།
    ༩ ཡང་སྐྱར་སྒོ་འབྱེད་དཀའ་ངལ་སེལ་ཐུབ།
    Microsoft Office Word 2003 ཡིན་དཀའ་ངལ་ཡོད་ཐབས་ཤིག་ཡོད་ཀྱང་འདི་འདྲའི་ལམ་ནས་འགྲེལ་བཤད་མི་ཡོང་།

  20. ངན་སྤྱོད་སྣ་རྒུའི་སེར་བ་ཐོག་བཞིན་བཙན།།
    བཟང་སྤྱོད་སྨན་གྱི་ལྗོན་པ་ས་ལ་འགྱེལ།།
    ལས་དམན་འགྲོ་འདིའི་སྣང་ཚུལ་འཇིགས་སུ་རུང།།
    སྐྱོ་བའི་ཤུགས་རིང་རྩུབ་མོ་སེམས་ལ་ལྷུང།།
    བསྟན་འཛིན་སྐྱེས་བུའི་འོད་མདངས་མཁའ་རུ་བསྡུས།།
    བསྟན་བཤིག་དྲེད་པོའི་འདོད་རྔམ་སྨག་ལྟར་འཐིབ།།
    བདེན་རྫུན་གོ་བ་ལོག་པའི་གྲུ་ཁ་ནས།།
    རྟེན་འབྱུང་རྒྱལ་མོའི་ལང་ཚོ་ཉམས་ལ་ཁད།།

  21. བུ་ཆུང་ཚེ་རིང་ལགས། སྐུ་ཉིད་ཀྱིས་ཐུགས་སྣང་ཆེན་པོའི་སྒོ་ནས་འདི་ལྟར་བོད་ཡིག་ལ་སེམས་ཁུར་དང་ཤ་ཚ་ཡོད་ཁུལ་གྱི་ཁ་བཤད་ཙམ་མ་ཡིན་པར་ལག་ལེན་རང་བཞིན་གྱི་མིག་དཔེ་སྟོན་བཞིན་པ་ལ་གུས་པས་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུས་རྒྱུ་ཡིན།

    1. Bhuchung Tsering

      སྐུ་ཉིད་ནས་ཟིན་བྲིས་འདིར་ཕེབས་པར་འཚམས་འདྲི་ཡོད་།

  22. བསེ་རུ།

    བུ་ཆུང་ཚེ་རིང་ལགས།
    བོད་མི་རིགས་སྔར་གྱི་ལོ་ཙཱ་བ་ཚོས་རྒྱལ་བའི་བཀའ་བསྟན་སོགས་བོད་ཡིག་ཏུ་བསྒྱུར་གནང་མཛད་པ་ནི་ད་ལྟའི་ཆར་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པ་ཙམ་མ་ཟད། གོ་སྐབས་དང་མཐུན་རྐྱེན། གནས་སྟངས་དེ་འདྲའི་ཐོག་བསམ་སྐབས་བསམ་ཡུལ་འདས་པ་ཞིག་རེད།
    འོན་ཀྱང་དེང་སྐབས་ང་ཚོ་བཙན་བྱོལ་ནང་གཅིག་པུར་ཆ་མཚོན་ན་ཡང་ལོ་ཙཱ་བའི་མཐུན་ཚོགས་ལྟ་བུ་ཞིག་མེད་པ་མ་ཟད། ཚད་ལྡན་གྱི་ལོ་ཙཱ་བ་ཀུན་གྱིས་བཀུར་འོས་གཅིག་ཀྱང་ཕལ་ཆེར་མེད་ཚོད་ཙམ་རེད། གང་ཡོད་པ་དེ་དག་གིས་ཀྱང་ནང་གཏེར་ཕྱི་འདྲེན་ལས་ཕྱི་གཏེར་ནང་འདྲེན་གནང་གི་མེད་སྟབས། དེའི་ཐོག་དགོངས་ཚུལ་ཅི་ཞིག་ཡོད་དམ།
    གནས་སྟངས་དེ་ལྟ་བུར་གྱུར་དོན་ཅི་ཡིས་ལན་པ་ཡིན་ནམ།
    ལོ་ཙཱ་བའི་མཐུན་ཚོགས་ཤིག་ཡོད་ཚེ་ཕན་འབྲས་དམིགས་བསལ་བ་ཞིག་ཐོན་ངེས་པ་མ་ལགས་སམ།།

    1. Bhuchung Tsering

      སྐུ་ཞབས་བསེ་རུ་ལཌ།

      ཁྱེད་ཀྱི་གསུངས་པ་དེ་བདེན་ནོ། ངས་ཀྱང་སྐབས་རེ་བོད་ཡིག་དེབ་སོགས་ཀློག་སྐབས་དེ་སྔའི་ལོ་དཔན་སོགས་ཀྱིས་ཆ་རྐྱེན་དཀོན་པོ་ཡོད་བཞིན་དུ་གྲུབ་འབྲས་དེ་འདྲ་སྟོན་ཡོད་པར་ཧ་ལས་ཀྱི་འདུག དེང་གི་འཆར་དེ་འདྲའི་གནས་སྟངས་མེད་པའི་རྒྱུ་རྐྱེན་མང་པོ་ཡོད་རེད་བསམ། དམངས་གཞིའི་ཐོག་ནས་དཔེ་དེབ་ཀྱི་ཁོར་ཡུག་དགོས་པ་དང་། ཀློག་མི་དགོས་པ། གནས་སྟངས་ལ་རན་པོ་ཡོད་པའི་དེབ་དགོས་པ་སོགས་རེད་། མཐུན་ཚོགས་ལས་ཚང་མས་ཁོར་ཡུག་བསྐྲུན་ཐུབ་རྒྱུའི་འབད་བརྩོན་གནང་ན་ཕན་ཐོག་ཆེ་བ་ཡོད་ཀྱི་རེད་བསམ། ཟིན་བྲིས་འདི་ནི་ངའི་ངོས་ནས་འབྲས་བུ་དེ་ཡོང་ཐབས་ཀྱི་ལས་འཆར་ཞིག་ཡིན།

    1. Bhuchung Tsering

      དེ་ནི་གཏིང་ཟབ་པོ་རེད་པས་མ་འོངས་པའི་ཟིན་བྲིས་ཀྱི་བརྗོད་གཞི་ཞིག་རེད་།

  23. ལ་གསོལ་ཁྱེད་རྣམ་པའི་གང་ལ་མོང་པོ་གསུངས་འདུག །བྱས་ཙམ་རང་གིས་ལན་ཞིག་མ་གཏབ་ན་ཡོང་མ་སོང་། །གང་ཡིན་ཞེ་ན་ང་ཚོར་བོད་གིས་ཆོས་དང་རིགས་གཞུང་སྐད་དང་ཡིག་གེ་སོགས་ལ་དོ་སྣང་བྱེད་རྒྱུ་དེ་ང་ཚོས་ལས་མགན་གཅིག་རེད། །དེ་ལ་འོས་བཤད་རྒྱུ་གང་ཡང་ཡོད་མ་རེད། །ད་ལྟའི་གནས་སྐབས་བོད་ལ་བསྐལ་སྡུག་གིས་མཚམས་མ་ཆད་བར་ཡོད་པར་ཚང་མའི་མཁྱེན་གསལ་རེད། །དེ་ལ་སྡོང་ལེན་ཞིག་གནང་བའི་གྲོས་ཚོགས་གཅིག་གནང་བ་ཡིན་ན་ཀྱིས་མ་རུང

    1. བུ་ཆུང་ལགས། །ཁྱེད་གིས་གྲ་རྒྱ་འདིའི་བསྐོར་སྤྱི་གཏང་དཔེ་ཡག་པོ་འདུག་ །ཡིན་ན་ཡོང་ཡིག་ལེན་མེད་པར་དེ་གང་ཡིན་ཧ་གོ་མ་སོང་། །ཐུགས་རྗེས་ཆེ། །

      1. Bhuchung Tsering

        ཁྱེད་ནས་ག་རེ་ཐོག་ཡིག་ལན་གསུངས་གནང་གི་ཡོད་དམ། གུས་ནས་བགའ་དྲི་གནང་མཁན་ཚོར་ལན་གང་ཐུབ་ཕུལ་ཀྱི་ཡོད་།

  24. ཡིག་ལེན་ཡོད་པར་ཞུ་། །དེ་མིན་ཞུ་བྱ་དབེན། །ཐུགས་རྗེས་ཆེ། །

  25. ༆། །བུ་ཆུང་ལགས། །ངའི་དྲི་བ་དང་པོ་དེ། །ཁྱེད་རང་གིས་བསམ་ཚུལ་ཁ་སྔོན་དབྱིག་ལེན་གིས་སྲིད་འཛིན་གསར་པ་ཁོང་གིས་ང་ཚོར་བོད་པའི་ཐོགས་ལ་ག་འདྲ་ཡོད་ན། །དྲི་བ་གཉིས་པ་དེ་། །མ་འོང་པའི་བོད་གིས་བཀའ་བློན་ཁྲི་པ་དེ་མིང་དོན་གཉིས་མཚུངས་ཀྱིས་བཀའ་བློན་སུ་ཐོབ་ན་། །དྲི་བ་གསུམ་པ། །ཟླ་བ་ ༤ ཚེས་ ༡༤ སྐྱེན་དཀུན་ལ་ས་ཡོམ་ཀྱིས་གནོད་ཚེ་འོག་མི་མོང་པོ་ཞིག་ཤི་སྨས་སོང་བའི་ཆེད་དུ་། །ཕྱི་རྒྱས་ལ་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྤྱོར་ཚོགས་པ་མོང་པོ་ཞིག་གིས། །ཞལ་འདེབས་མོང་པོ་སློང་གིས་འདུག། །སྤྱི་གཏང་དེ་ཚོ་ཡག་པོ་རེད། །ཡིན་ན་ཡང། །ཞལ་འདེབས་དེ་ཚོ་སྐྱེན་དཀུན་མདོ་ལ་བསྐལ་སྡུག་ཉོང་མཁན་ལ་རོགས་པ་བྱེད་རབ་གོ་ཐོས་མི་འདུག། །དེ་ཁྱེད་རང་གིས་གོ་ཐོས་དང་བསམ་ཚུལ་ག་འདྲ་ཡོད་། །ཐུགས་རྗེས་ཆེ། །

  26. ༆། །བུ་ཆུང་ལགས། །ངའི་དྲི་བ་དང་པོ་དེ། །ཁྱེད་རང་གིས་བསམ་ཚུལ་ཁ་སྔོན་དབྱིག་ལེན་གིས་སྲིད་འཛིན་གསར་པ་ཁོང་གིས་ང་ཚོར་བོད་པའི་ཐོགས་ལ་ག་འདྲ་ཡོད་ན། །དྲི་བ་གཉིས་པ་དེ་། །མ་འོང་པའི་བོད་གིས་བཀའ་བློན་ཁྲི་པ་དེ་མིང་དོན་གཉིས་མཚུངས་ཀྱིས་བཀའ་བློན་སུ་ཐོབ་ན་། །དྲི་བ་གསུམ་པ། །ཟླ་བ་ ༤ ཚེས་ ༡༤ སྐྱེན་དཀུན་ལ་ས་ཡོམ་ཀྱིས་གནོད་ཚེ་འོག་མི་མོང་པོ་ཞིག་ཤི་སྨས་སོང་བའི་ཆེད་དུ་། །ཕྱི་རྒྱས་ལ་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྤྱོར་ཚོགས་པ་མོང་པོ་ཞིག་གིས། །ཞལ་འདེབས་མོང་པོ་སློང་གིས་འདུག། །སྤྱི་གཏང་དེ་ཚོ་ཡག་པོ་རེད། །ཡིན་ན་ཡང། །ཞལ་འདེབས་དེ་ཚོ་སྐྱེན་དཀུན་མདོ་ལ་བསྐལ་སྡུག་ཉོང་མཁན་ལ་རོགས་པ་བྱེད་རབ་གོ་ཐོས་མི་འདུག། །དེ་ཁྱེད་རང་གིས་གོ་ཐོས་དང་བསམ་ཚུལ་ག་འདྲ་ཡོད་། །ཐུགས་རྗེས་ཆེ།

    1. Bhuchung Tsering

      གུས་ནས་ཁྱེད་ཀྱི་དྲི་བར་ལན་ཕུལ་ཡོད་བསམ་བྱུང་བས་ད་ཆ་ང་རང་ལ་ཡང་དེ་གང་དུ་ཡོད་མིན་ཧ་གོ་ཡི་མིན་འདུག ལན་ནི་དབྱིན་ཡུལ་གྱི་སྲིད་འཛིན་གསར་པས་༧གོང་ས་མཆོག་༢༠༠༨ལོར་མཇལ་སྐབས་ཀྱི་བརྙན་འཕྲིན་དེ་གུས་པའི་ཟིན་བྲིས་ཐོག་ཡོད་པས་དེ་ནས་ཁོང་གི་བོད་པའི་ཐོགས་ལ་ག་འདྲ་ཡོད་མིན་བཁྱེན་ཐུབ། གུས་ནས་ཁོང་སྐོར་མི་ཤེས། དྲི་བ་གཉིས་པའི་སྐོར། མ་འོང་པའི་བཀའ་བློན་ཁྲི་པའི་སྐོར་གུས་པའི་བསམ་ཚུལ་ཟིན་བྲིས་འདི་ཐོག་ཡོད་ན་དེར་གཟིཌ་རོགས་གནང་། དྲི་བ་གསུམ་པ།འི་སྐོར་ སྐྱེ་རྒུ་མདོའི་་ས་ཡོམ་ཀྱིས་གནོད་ཚེ་འོག་མི་མོང་པོ་ཞིག་ཤི་སྨས་སོང་བའི་ཆེད་དུ་ཞལ་འདེབས་ཞུ་མཁན་ཚོགས་པ་ཚོས་སོ་སོའི་དངུལ་དེ་གང་འདྲ་གནང་མིན་སྐོར་དྲ་ཚིགས་ནང་བཀོད་བཞིན་འདུག་ན་དེར་གཟིགས་གནང་ཡོད་པ་ཞུ། ཐུགས་རྗེས་ཆེ།

  27. བཀྲ་ཤིས་བདེ་ལེགས་བུ་ཆུང་ཚེ་རིང་ལགས། ངས་ཁྱེད་ལ་དྲི་བ་ཐུང་ངུ་ཞིག་དྲིས་ཆོག་པ་ཞུ། ཁྱེད་རང་གི་བྱས་ན་ཉེ་འཆར་ཝ་ཤིང་ཊོན་དུ་༸གོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་སྐབས་གོ་སྒྲིག་ཚོགས་ཆུང་ནས་གཞོན་ནུ་ལྷན་ཚོགས་ཀྱི་ཁྲོམ་རར་ཆབ་སྲིད་ཀྱི་རྣམ་པ་ཤུགས་ཆེ་དྲག་འདུག་གསུངས་ནས་ཁྲོམ་ར་ར་བའི་ཕྱིར་འགྲོ་དགོས་བྱུང་བ་དང་། རྗེས་སུ་དྲ་རྒྱ་དང་ཚགས་པར་མང་པོའི་སྟེང་གཞོན་ནུས་གལ་ཏེ་སྐལ་ལྡན་བློ་གྲོས་ཀྱི་གཞོན་ནུར་དགོངས་སེལ་མ་ཞུས་ཚེ་དེ་མུར་བཞག་མི་ཐུབ་པའི་གླེང་སློང་ཤུགས་ཆེ་བྱས་འདུག་པས་ཁྱེད་ཀྱི་བྱས་ན་སུ་ལ་ནོར་འཁྲུལ་ཡོད་མེད་དང་། སྐལ་ལྡན་བློ་གྲོས་ནས་དགོངས་སེལ་ཞུས་དགོས་མེད་དང་། གལ་ཏེ་སྐལ་ལྡན་བློ་གྲོས་ནས་དགོངས་སེལ་མ་ཞུས་ཚེ་གཞོན་ནུས་མུ་འཐུད་ངོ་རྒོལ་དང་གདོང་ལེན་མཐར་ཕྱིན་པ་བྱེད་ནས་མཐའ་ན་ཟས་བཅད་ངོ་རྒོལ་ཡང་བྱེད་སྲིད་པ་རེད་དམ། རྙོག་ཁྲ་དེ་ཆུང་ཆུང་ཞིག་རེད་དམ། ཡང་ན་གཞོན་ནུས་བོད་ཀྱི་རྩ་དོན་རྩོད་པ་ནང་བཞིན་རྩོད་ཀྱི་རེད་དམ། མ་གཞི་བཙན་བྱོལ་གཞུང་ཟེར་བ་དེ་ཐག་གཅོད་ཟིན་ནས་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཞེས་འགྱུར་བ་ཕྱིན་ན་ཡང་གཞོན་ནུས་མུ་འཐུད་བཙན་བྱོལ་གཞུང་ཞེས་ཁྱབ་བསྒྲགས་གཏོང་དགོས་དོན་གང་ཡིན་ནམ། སྤྱིར་གཞོན་ནུར་ཁོ་རང་ཚོའི་ལྟ་བ་འཛིན་པའི་རང་དབང་ཡོད་ན་ཡང་༸གོང་ས་མཆོག་གི་སྐུ་ལས་ཆེན་པོའི་ཐོག་ནས་རང་དབང་ཚད་ལྡན་ཞིག་རག་པའི་ཆེད་བཙན་བྱོལ་གཞུང་ནས་ཀྱང་དེར་རྒྱབ་སྐྱོར་མཚོན་ཆེད་བཙན་བྱོལ་གཞུང་ཟེར་བ་དེ་ཡང་མིང་འགྱུར་བཏང་ནས་༼བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག༽ ཞེས་འཁོད་པ་རེད། བྱས་ན་གཞོན་ནུས་༸གོང་ས་མཆོག་གི་ཁ་གཏད་དུ་ལངས་པ་ནི་ཨེ་ཡིན། གཞོན་ནུས་སྐལ་ལྡན་བློ་གྲོས་ལ་རྒྱ་གུང་བྲན་དང་འབྲེལ་བ་ཡོད་པའི་དོགས་གཞི་བཅངས་ཀྱང་ངས་གོང་དུ་ཞུས་པ་ལྟར་བྱས་ན་གཞོན་ནུས་གུང་བྲན་ལ་རྒྱབ་སྐྱོར་ཡོད་པ་འདྲ་པོ་མིན་འདུག་གམ། ཁྱེད་རང་གི་ངའི་བསམ་ཚུལ་ལ་ངེས་པར་དུ་ལན་ཞིབ་ཕྲ་ཞིག་ཡོད་པ་ཞུ། ཐུགས་རྗེ་ཆེ།

    1. Bhuchung Tsering

      གནས་ཚུལ་དེ་སྐོར་ཕྱོགས་གཅིག་ཆ་ཚང་ཡང་དག་པ་ཡོད་པའམ་མེད་པ་དེ་འདྲ་ཨ་ཡིན་བསམ། གང་ལྟར་དེ་སྐབས་བྱེད་སྟངས་སུས་ཡག་པོ་བྱུང་ཡོད་མིན་ལ་མ་ལྟོས་པར་ཚང་མས་སྤྱི་དོན་ལ་དགོངས་པ་རྒྱ་ཆེ་བཞེས་ནས་ཕྱག་ལས་གནང་དགོས་པའི་དུས་རེད། དེ་མིན་ང་ཚོའི་དུས་ཚོད་དང་ནུས་པ་ནང་ཁུལ་རྙོག་ཁྲར་འགྲོ་བ་དང་དེ་བཞིན་ཕ་རོལ་པོས་བེད་སྤྱོད་བྱེད་སྲིད།

  28. ཁྱེད་རང་གི་ང་ལ་དགོས་པའི་ལན་ཞིབ་ཕྲ་ཞིག་གསུངས་མིན་འདུག ང་ཡང་འདོད་པ་ཚྀམ་པ་ཞྀག་མ་བྱུང་ཡང་ཁྱེད་རང་ལ་ཡང་ཁག་མེད། ལན་རྒྱབ་ཁག་པོ་ཡོད་ཀྱི་རེད། གལ་ཏེ་གཞོན་ནུས་མུ་འཐུད་གདོང་ལེན་བྱེད་པ་དང་། སྐལ་ལྡན་བློ་གྲོས་ནས་དགོངས་སེལ་མ་ཞུས་པར་བསྡད་ན་རྗེས་སུ་གནས་ཚཱུལ་གང་འདྲ་ཞིག་ཆགས་སྲིད་པ་རེད། བོད་མི་བསམ་ཡོད་ཅན་མང་པོས་གནས་ཚུལ་དེར་དངངས་ཚབ་བྱེད་བཞིན་ཡོད་པས་སུས་ཀྱང་ཐེ་བྱུས་མི་བྱེད་པར་རང་སོར་བཞག་ན་རྗེས་སུ་གནས་ཚུལ་ཆེན་པོ་ཡང་ཆགས་མི་སྲིད་པ་མིན། དེ་ལས་གནས་ཚུལ་ཆེན་པོ་མ་ཆགས་སྔོན་ནས་ཚང་མས་ཐུགས་སྣང་ཆེན་པོས་ཕྱོགས་གཉིས་དབར་ཞི་འཇམ་ཡོང་བ་བྱེད་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེ་བ་ཞིག་ཏུ་མཐོང་། ཁྱེད་ཀྱི་བྱས་ན། ཁྱེད་ཀྱི་གསུངས་པ་ལྟར་ཕ་རོལ་པོས་བེད་སྤྱོད་ཡང་བྱེད་སྲིད་པ་ཞིག་རེད།

    1. Bhuchung Tsering

      དེ་ཐོག་གུས་པའི་བསམ་ཚུལ་འབྲེལ་ཡོད་ལ་ཞུས་ཡོད། འོན་ཀྱང་གནས་ཚུལ་ཚང་མ་གླེང་སྟེག་འདི་ལྟ་བུར་༼ལྷག་པར་དུ་བཀའ་མོལ་ཞུ་ཡུལ་སུ་ཡིན་ཧ་མི་གོ་བ་༽བཤད་རྒྱུར་ཕན་པ་མེད། གང་ཡིན་ཟེར་ན་གནས་ཚུལ་ཆུང་བ་མ་གཏོགས་ཆེ་རུ་བཟོ་འདོད་གུས་པར་མེད་དོ།

  29. གངས་ཅན།

    བུ་ཆུང་ཚེ་རིང་ལགས། ཁྱེད་ཀྱི་ནུབ་ཕྱོགས་ཀྱི་བོད་མིའི་གནས་སྟངས་དང། ཆབ་སྲིད་འཕོ་འགྱུར། བོད་པར་རྒྱབ་སྐྱོར་རྣམས་ཤར་ཕྱོགས་ཀྱི་རང་རིགས་གཞོན་སྐྱེས་རྣམས་ཀྱི་བསམ་བློའི་རྒྱགས་ཕྱེ་རུ་སྩལ་བ་ལ་སྙིང་ཐག་པ་ཐུགས་རྗེ་ཆེ་ཞུ་བ་དང། ད་དུང་མུ་མཐུད་ནས་གནས་ཚུལ་མཁོ་སྩལ་ཡོང་བའི་འབོད་སྐུལ་ཞུ་བ་དང་ཆབས་ཅིག བཀའ་འདྲི་ཞུ་བ་ཞིག་ལ། བཀའ་བློན་ཁྲི་བས་་མི་འོངས་པའི་ལོ་བཅུ་ཉི་ཤུ་ནང་དུ་རྒྱ་གར་དང་ནུབ་ཕྱོགས་སུ་བོད་པ་སྐྱབས་བཅོལ་བ་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་ཆགས་ཀྱི་རེད་ཅེས་ཚོད་དཔག་བྱེད་ཀྱི་འདུག་པས། ཁྱེད་ལ་དེ་ཡི་ཕྱོགས་ལ་དགོངས་ཚུལ་གང་འདྲ་ཡོད་དམ། གལ་སྲིད་དེ་ལྟར་ཆགས་ན་བོད་པའི་རྩ་དོན་ལ་ཕན་གནོད་འདྲ་འབྱུང་གི་རེད་དམ། དགོངས་ཚུལ་ཞིག་གསུངས་རོགས་གནང། ཐུགས་རྗེ་ཆེ།

  30. གངས་ཅན།

    བུ་ཆུང་ཚེ་རིང་ལགས། ཁྱེད་ཀྱི་ནུབ་ཕྱོགས་ཀྱི་བོད་མིའི་གནས་སྟངས་དང། ཆབ་སྲིད་འཕོ་འགྱུར། བོད་པར་རྒྱབ་སྐྱོར་རྣམས་ཤར་ཕྱོགས་ཀྱི་རང་རིགས་གཞོན་སྐྱེས་རྣམས་ཀྱི་བསམ་བློའི་རྒྱགས་ཕྱེ་རུ་སྩལ་བ་ལ་སྙིང་ཐག་པ་ཐུགས་རྗེ་ཆེ་ཞུ་བ་དང། ད་དུང་མུ་མཐུད་ནས་གནས་ཚུལ་མཁོ་སྩལ་ཡོང་བའི་འབོད་སྐུལ་ཞུ་བ་དང་ཆབས་ཅིག བཀའ་འདྲི་ཞུ་རྒྱུ་ཞིག་ལ། བཀའ་བློན་ཁྲི་བས་་མི་འོངས་པའི་ལོ་བཅུ་ཉི་ཤུ་ནང་དུ་རྒྱ་གར་དང་ནུབ་ཕྱོགས་སུ་བོད་པ་སྐྱབས་བཅོལ་བ་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་ཆགས་ཀྱི་རེད་ཅེས་ཚོད་དཔག་བྱེད་ཀྱི་འདུག་པས། ཁྱེད་ལ་དེ་ཡི་ཕྱོགས་ལ་དགོངས་ཚུལ་གང་འདྲ་ཡོད་དམ། གལ་སྲིད་དེ་ལྟར་ཆགས་ན་བོད་པའི་རྩ་དོན་ལ་ཕན་གནོད་འདྲ་འབྱུང་གི་རེད་དམ། དགོངས་ཚུལ་ཞིག་གསུངས་རོགས་གནང། ཐུགས་རྗེ་ཆེ།

    1. Bhuchung Tsering

      ཁྱེད་ནས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། བཀའ་བློན་ཁྲི་པས་དེ་འདྲ་བཀའ་གནང་བ་གུས་ནས་ཤེས་ཀྱི་མེད་རུང་དེ་འདྲའང་ཡོང་མ་སྲིད་པ་མ་རེད། བུ་ཆུང་གིས།

  31. བོད། ཤ་ཁྲག་རུས་གསུམ།

    http://www.tibettimes.net/blogs.php?id=55&post_id=20842

    ཟིན་བྲིས་འདིའི་ནང་དུ་བདག་གིས་ཞི་བའི་འཐབ་རྩོད་ཀྱི་སྐོར་ལ་བྲིས་པའི་ཡི་གེ་འགའ་ཡོད། ཀློག་ནས་ཉེ་ཁོར་ཀུན་ལ་བགྲོ་གླེང་རེ་ཐུབ་པར་སྨོན།

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s