ད་ཡང་དུས་ཆེན་མང་པོའི་དུས་ཚོད་སླེབས་སོང་ངོ་།

seaworld-christmas-Sea of Trees color

བར་སྐབས་ཞིག་ཟིན་བྲིས་ཐོག་བོད་ཡིག་ནང་གང་ཡང་འབྲི་རྒྱུ་མ་བྱུང་། ད་ཆ་ནུབ་ཕྱོགས་ཁུལ་དུས་ཆེན་སྣ་ཚོགས་ཀྱི་གུང་གསེང་དུས་ཚོད་ཡིན་པས་འདི་བྲིས་ན་བསམ་བྱུང་།

གཟའ་ཟླ་བ་ནི་རང་ཟླ་༡༡ ཚེས་༡ ཡིན་ཞིང་ཉིན་དེ་ནི་ལ་དགས་ནང་ལོ་གསར་སྲུང་བརྩི་ཞུས་ཀྱི་ཡོད། ལ་དགས་པ་རྣམས་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

དེང་འདི་ཁུལ་ཕྱི་ནང་གང་དུའང་ཡེ་ཤུའི་འཁྲུངས་སྐར་དང་འབྲེལ་བའི་ཅ་དངོས་མཐོང་རྒྱུ་དང་གཞས་སོགས་གོ་རྒྱུའི་དུས་རེད། བོད་མིའི་སྤྱི་ཚོགས་ནང་ཡང་དུས་ཆེན་འདྲ་མིན་ཡོད་བཞིན་མང་པོ་ཞིག་ཆོས་དང་འབྲེལ་བ་ཡོད་པས་དེ་ཚོ་ནི་དགེ་འདུན་པའི་སྡེ་ནས་དུས་ད་ལྟའང་མི་ཉམས་གོང་འཕེལ་གནང་བཞིན་རེད།  དེ་མིན་ལོ་གསར་ལྟ་བུའི་དུས་ཆེན་ཡིན་ན་ལོ་རེ་ནས་ལོ་རེ་ཐོག་འགྱུར་བ་འགྲོ་ཡི་ཡོད་པའི་ཚོར་བ་ང་རང་སྒེར་གྱི་ཉམ་མྱོང་ཐོག་ནས་ཞུས་ཐུབ་ཀྱི་འདུག འགའ་ཞིག་ནས་དུས་ཆེན་དེ་ནི་ལྷ་སའི་བརྙན་འཕྲིན་ཐོག་གཏམ་བརྗོད་ཞིག་ཐོག་བཤད་པ་ལྟར་”ལོ་གསར་མ་རེད་ལས་གསར་རེད་”གསུངས་ཞིང་དཀའ་ངལ་ཡིན་པར་ངོས་འཛིན་གནང་། གང་ལྟར་ལོ་གསར་གྱི་བྱེད་སྒོ་རྣམས་དུས་ཚོད་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྔར་སྲོལ་ལྟར་ཡོང་ཐུབ་ཀྱི་མེད་པ་དངོས་ཡོད་རེད། འོན་ཀྱང་ནུབ་ཕྱོགས་སྤྱི་ཚོགས་ནང་དེང་འཇེའུ་མི་རིགས་ཀྱི་དུས་ཆེན་”ཧ་ནུ་ཀ་”དང་ཡེ་ཤུའི་འཁྲུངས་སྐར་ལ་སོགས་པ་སྲུང་བརྩི་བྱེད་སྲོལ་གང་ཙམ་ཉར་ཐུབ་ཡོད་པའི་ཚོར་གྱི་འདུག་པས་ དེ་ཐོག་བསམ་བློ་གཏོང་དགོས་ས་རེད། ང་ཚོའི་སྤྱི་ཚོགས་ནས་རང་རེའི་དུས་ཆེན་ཁག་མང་ཚོགས་ཀྱི་ཉིན་རེའི་སྐྱིད་སྡུག་དང་འབྲེལ་བ་གང་འདྲ་བཟོས་ཐུབ་མིན་ཐོག་གཟིགས་དགོས་ཀྱི་འདུག་བསམ།

ད་ཆ་ཕྱི་ལོ་གསར་པ་སླེབས་པར་ཉིན་མ་འགའ་ཞིག་ལས་མེད་སྟབས་རྣམ་པ་ལྷན་རྒྱས་ལ་”ཧེ་པི་ ནིའུ་ ཨི་ཡར་” གྱི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

Advertisements

2 thoughts on “ད་ཡང་དུས་ཆེན་མང་པོའི་དུས་ཚོད་སླེབས་སོང་ངོ་།

  1. Tashi To[gyal

    ལོ་གསར་གྱི་སྲོལ་རྒྱུན་གང་འདྲ་ཡིན་མིན་སྐོར་འཚོར་སྣང་གསུང་བ་ཐུགས་རྗེ་ཆེ། གང་ཉིད་ཀྱི་གསུང་པ་དེ་བདེན་པ་ཡིན། བོད་དུ་དུས་དྲན་སྲུང་བརྩི་གང་ཞུས་ཀྱང་དེ་ཆོས་དང་འབྲེལ་བ་ཞིག་ངེས་པར་ཆག་བསྡད་ཡོད། དེ་ནི་གནའ་བོ་བོད་བསྟན་པ་དར་བའི་སྐབས་ནང་ཆོས་དེ་གཙོ་བོ་བརྩི་པའི་གནས་སྟངས་དེ་ནས་དར་བ་ཞིག་མིན་ནམ་མཉམ། དེ་ཙམ་མིན་ཕྲན་ལ་བོད་མི་ཚོའི་སྲིད་དོན་གྱི་ཕྱག་ལས་ཞིག་གནང་ནའང་ཆོས་ཕྱོགས་དང་འབྲེལ་བ་ཡོད་པ་ཞིག་ལས་སྲིད་དོན་ཆོས་འབྲེལ་མིན་པ་དེ་འདྲ་གཞུང་དང་ཚོགས་སྐྱིད་གཉིས་ཀའི་གནང་བ་མཐོང་མ་སོང་། དེ་ནི་གཟི་བརྗིད་ཞིག་ཡིན་ནམ་ཡང་ན་ཆོས་དང་མ་འབྲེལ་བའི་སྲིད་དོན་བྱ་མ་ཤེས་མཁན་ཞིག་ཡིན་ནམ་དེ་ནི་མ་ཤེས། དེ་ནས་གལ་གནད་ཆེ་བ་ཞིག་ལ། གང་ཉིད་ནས་ཉིན་ལྟར་གནས་གསར་དེ་འདྲ་མཁོ་སྒྲུབ་གནང་ནས་ངོ་དེབ་བམ་ཀྲུ་ཀྲར་བརྒྱུད་གཏོང་གནང་བཞིན་འདུག་ གོ་སྐབས་དེའི་བརྒྱུད་ལམ་ལས་བོད་མི་གཞོན་སྐྱེས་ཚོ་དང་བོད་ཀྱི་རིག་གཞུང་ལ་ཐུགས་སྣང་ཡོད་པའི་ཆོས་གྲོགས་ཚོར་ཆེད། ནང་ཆོས་ནས་གསུང་བའི་ཕྱག་མཆོད་འབུལ། གནས་ཀྱི་གལ་གནད། ཆོལ་གསུམ་མི་རིགས་ཀྱི་རྐང་བྲོ་ཞབས་གཞས། དུས་ཆེན་དང་དུས་དྲན་གྱི་ངོ་བོ་དང་ཁྱད་པར་དང་སྲུང་བརྩི་ཞུས་སྟངས། བོད་མི་རིགས་ཀྱི་ཆས་གོས་དང་དེའི་བྱུང་རབས། རྒྱ་སྨན་དང་བོད་སྨན་གྱི་འབྱུང་རབས་དང་རྒྱལ་སྤྱིའི་ནང་བོདོ་སྨན་ལ་ཐུགས་སྣང་གང་གི་ཆ་ནས་གནང་བཞིན་ཡོད་མིན། བོད་ཀྱི་རིག་གཞུང་སྦྱོི་ངས་གནས་ཀྱི་མཐོ་སློབ་ཁག་གི་ལོ་རྒྱུས། ཆོས་བརྒྱུད་ཆེན་པོ་ལྔའི་འབྱུང་རབས་དང་ཁུངས་སོ་སོའི་བླ་ཆེན་ཁག་གི་སྐོར། ནུབ་ཕྱོགས་ཀྱི་མི་རིགས་རྣམས་ནས་བོད་ལ་ཐུགས་སྣང་གནང་དགོས་པའི་དགེ་ཚན་ཆེ་ཤོས་དེ་གང་ཡིན། མནའ་བོ་སྲོལ་རྒྱུན་གྱི་ནང་གཉེན་སྒྲིག་བྱ་སྟངས་སྐོར་མི་འདྲ་བ་གང་ཙམ་ཡོད། གཞོན་སྐྱེས་ཚོ་ནུབ་ཕྱོགས་སུ་ཕེབས་མི་དགོས་པར་རྒྱ་གར་དང་དེའི་ཉེ་འགྲམ་དུ་ཡོད་པའི་རྒྱལ་ཁབ་ནང་སོ་སོའི་འཚོ་བ་སྐྱེལ་རྒྱུའི་གོས་སྐབས་ཡོད་མིན་དང་ཡོད་ཚེ་མ་འོངས་དེ་ལྟར་ཡོང་ཆེད་སློབ་སྦྱོང་གང་བྱ་ན་དྲག་སྐོར་བཅས་ཐོག་གང་ཉིད་ཀྱི་བསམ་འཆར་སོགས་གནང་ཚེ་ན་གཞོན་རྣམས་ལ་ཐུགས་ཕན་ཡོང་བསམ་པ་འདུག བཀྲིས་བདེ་ལེགས།

  2. Tashi To[gyal

    ཐོག་མ་དེ་བུ་ཆུང་ལགས་ལ་ལོ་གསར་པར་འཙམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཉིན་ཤས་སྔོན་ངོ་དེབ་ནང་ཀོ་ལམ་བྷི་ཡའི་བོད་ཀྱི་སློབ་དགེ་གཅོད་པ་མཐར་ལགས་ལས་བོད་ཀྱི་རྒྱལ་དར་ནང་ནོར་འཁྲུལ་མང་དག་ཞིག་ཡོད་པ་དེར་བོད་རིགས་ཡོང་ནས་ཐུགས་སྣང་དགོས་རྒྱུ་གསུང་འདུག ད་རེང་དེའི་སྐོར་ཟློས་གར་ཟུར་པ་ཞིག་ནས་རྒྱལ་དར་སྐོར་གཅོད་པ་མཐར་ལགས་ལ་བཀའ་དྲི་ཞུས་པའི་བརྙན་པར་ཞིག་ཆེད་གཏོང་གནང་འདུག་པ་དེ་ཁྱེད་ནས་གཟིགས་རྒྱུ་བྱུང་ཡོད་དམ། བརྙན་པར་དེའི་ནང་བོད་གཞུང་གིས་བཀའ་བློན་དང་ཚོགས་གཙོ་དབུ་པའི་ཚོགས་རིགས་མང་དག་ཞིག་ནས་བོད་ཀྱི་རྒྱལ་དར་བསྒྲེངས་པ་ཙམ་ལས་དེའི་མཚན་ཉིན་ཚང་མིན་ཐོག་ཐུགས་སྣང་རྩ་བ་ནས་གནང་མེད་པའི་སྐོར་གསུང་གནང་འདུག་པ་དེར་བུ་ལགས་ཀྱི་འཚོར་སྣང་གང་བྱུང་ཡོད་དམ། ཅི་སྟེ་ཁོངས་ཀྱི་གསུང་པ་དེ་རྣམས་བདེན་པ་ཡིན་ཚེ་བཙན་བྱོན་གཞུང་གི་དབུ་ལ་བཞུགས་མཁན་རྣམས་ནས་ཐུགས་སྣང་མེད་པ་དེ་རྒྱུ་མཚན་གང་བྱུང་ཡོད་དམ། དེའི་སྐོར་ཁྱེད་ཀྱི་བསམ་ཚུལ་ཇི་ཡོད་ཤེས་འདོད་བྱུང་། འཇགས་ལན་གནང་སྟབས་བདེ་པོ་མེད་ཚེ་མ་གནང་ན་འཐུས།

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s