ཀ་བློན་སྦུག་ཏུ་ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མེད་པའི་གནས་སྟངས་ག་དུས་ནས་བྱུང་བ་ཡིན་ནམ།

ཀ་བློན་སྦུག་ཏུ་ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མེད་པའི་གནས་སྟངས་ག་དུས་ནས་བྱུང་བ་ཡིན་ནམ།

 བུ་ཆུང་ཀེ་ཚེ་རིང་།

ཐོག་མར་ཀ་བློན་སྦུག་བོད་མིའི་སྐོར་གནས་ཚུལ་འདི་གཟིགས་དང་། “བོད་པའི་བུ་མོ་སློབ་གྲ་ལ་འགྲོ་མཁན་ནི་ཉི་ཤུ་ལྷག་ཙམ་ཡོད་ཚོད་འདུག ། དེ་དག་རྣམས་བོད་ཡིག་ཕར་བཞག་བོད་སྐད་ཀྱང་ཤེས་ཀྱི་ཨེ་ཡོད། ག་དུས་བལྟས་ཀྱང་གོར་སྐད་ཁོ་ན་མ་གཏོགས་ལབ་པ་མ་མཐོང་། ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མི་འདུག །”

གལ་ཏེ་ཁྱེད་ཀ་བློན་སྦུག་དང་ རྡོ་རྗེ་གླིང་། སྒང་ཏོག་(ཀ་རྡོར་སྒང་)གསུམ་སོགས་སུ་ཕེབས་མྱོང་མཁན་ཞིག་ནས་ད་ལྟའི་གནས་སྟངས་དེ་འདྲ་ཡིན་པ་མཁྱེན་ཐུབ། འོན་ཀྱང་གོང་འཁོད་གནས་ཚུལ་དེ་ནི་དེང་གི་མིན་པར་༡༩༣༣ལོའི་སྐབས་ཀྱི་ཡིན་པ་ནི་གཤམ་གྱི་ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཚགས་པར་གྱི་གསར་འགྱུར་ནས་གཟིགས་ཐུབ།  དེ་ནི་དབྱིན་སྐད་བཤད་སྲོལ་ལ་”དངོས་པོ་རྣམས་འཕོ་འགྱུར་ཇི་ཙམ་ཕྱིན་རུང་དེ་ཙམ་གྱི་འགྱུར་ལྡོག་མེད་པར་གནས་”ཟེར་བ་ལྟ་བུ་རེད་འདུག་གོ

ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་།

ལོ། ༧ ཨང་། ༦ ཀ་སྦུག་ནས་བོད་ཟླ་༥ ཚེས་༡ ལ།

དབྱིན་ཟླ་༦ ཏ་རིག་༢༤ ༡༩༣༣འདས་ལོ་ཉིན།

།ཀ་སྦུག་བུ་མོའི་སློབ་གྲ།

།ཀ་སྦུག་ཏུ་བུའི་སློབ་གྲ་ཆེ་བ་ཡོད་པ་ལྟར་བུ་མོ་ཚོའི་སློབ་གྲའང་ཡོད། མ་ཟད་སླད་ཕྱིན་བུ་མོ་ཚོའང་སློབ་གྲ་ཆེན་པོའི་རྒྱུགས་ཐོན་མཚམས་བུའི་སློབ་གྲ་ཀོ་ལེཇེ་གསར་འཛུག་བྱས་པར་བུ་བུ་མོ་དབྱེར་མེད་སློབ་སྦྱོང་བྱེད་ཐུབ། དེང་གཞུང་གི་བཀའ་ལྟར་སློབ་གྲ་ཆེན་པོ་ཧའི་སིཀུལི་དུ་སློབ་མ་རྣམས་ནས་རང་སྐད་ཀྱང་སློབ་སྦྱོང་བྱེད་ཆོག་ཅིང་རྡོར་གླིང་གཞུང་གི་སློབ་གྲར་བོད་ཡིག་དགེ་རྒན་༣ཡོད་འདུག ། ཀ་སྦུག་བུའི་སློབ་གྲར་༡ཡོད། དེར་བོད་ཕྲུག་རྣམས་ནས་བོད་ཡིག་ཀྱང་སླབ་དགོས། འོན་ཀྱང་ཀ་སྦུག་བུ་མོ་ཚོའི་སློབ་གྲར་ད་བར་བོད་ཡིག་སློབ་སྲོལ་མི་འདུག ། བོད་པའི་བུ་མོ་སློབ་གྲ་ལ་འགྲོ་མཁན་ནི་ཉི་ཤུ་ལྷག་ཙམ་ཡོད་ཚོད་འདུག ། དེ་དག་རྣམས་བོད་ཡིག་ཕར་བཞག་བོད་སྐད་ཀྱང་ཤེས་ཀྱི་ཨེ་ཡོད། ག་དུས་བལྟས་ཀྱང་གོར་སྐད་ཁོ་ན་མ་གཏོགས་ལབ་པ་མ་མཐོང་། ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མི་འདུག ། འདི་སྐོར་སྔོན་དུ་ཡང་གསར་འགྱུར་ཞུས་པ་ཡིན་ཏེ། སུ་ནས་ཀྱང་འདིའི་སྐོར་སྣང་དག་གནང་མི་འདུག ། འདི་ལྟར་རང་དུ་གནས་ན་ལོ་༥༠ཙམ་རྗེསུ་འདི་ཁུལ་ཡོད་རིགས་བོད་ཀྱི་བུ་མོ་རྣམས་དང་དེ་ཚོའི་བུ་ཕྲུག་རྣམས་བོད་སྐད་ཙམ་མི་ཤེས་བར་འགྱུར་ངེསོ།། འདི་སྐོར་འདི་ཁུལ་ཕ་མ་ཚོ་ནས། ཡང་ན་བོད་སྤྱིའི་ལྷན་རྒྱས་ནས་རང་རེའི་བུ་མོ་རྣམས་རང་སྐད་མི་བརྗེད་པའི་ཐབས་ད་ལྟ་ནས་གནང་ན་མི་ལེགས་སམ ? དེ་ལྟར་ཐབས་གནང་ཚེ་ཚང་མ་ནས་བུ་མོ་ཚོའི་སློབ་གྲའི་སྤྱི་ཁྱབ་ལ་སྙན་ཞུ་ཕུལ་ཏེ་ངེད་བོད་ཀྱི་བོུ་རྣམས་ལའང་རང་ཡིག་བོད་ཡིག་སློབ་ཐབས་ཞུ་ན་གསན་བཞེས་ཤིག་མི་འབྱུང་ངམ་ཅེས་རྨོངས་གཏམ་དུ་བྲིསོ།

Advertisements

6 thoughts on “ཀ་བློན་སྦུག་ཏུ་ཕར་བོད་སྐད་ལ་སྐད་ཆ་ལབ་ན་ཚུར་གོར་སྐད་ལས་རང་སྐད་མེད་པའི་གནས་སྟངས་ག་དུས་ནས་བྱུང་བ་ཡིན་ནམ།

  1. Lob sang thapkhey

    རྒན་ལགས་ནས་རང་ལ་རང་གཅོས་ཀྱི་སྒོ་ནས་བོད་ཀྱི་སྐད་ཡིག་བསྐོར་ལ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་རང་མི་ཉམས་གོང་འཕེལ་ཡོང་སླད་དུ་ཐབས་ལམ་ཡོད་དགུ་རྩ་སྒྲུབ་ཀྱི་སྒོ་ནས་གནང་བ་ལ་གུས་པས་རྗེས་སུ་ཡིད་རང་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།།

    1. Bhuchung Tsering

      ཐུགས་རྗེ་ཆེ། གུས་ནས་བོད་ཡིག་དེ་བཞིན་དེང་དུས་སྤྱི་ཚོགས་ནང་བེད་སྤྱོད་ཡོད་པ་བསྟོན་ཐབས་ཡིན།

  2. Sonam Wangyal

    ཁྱེད་ཀྱིས་གོང་དུ་བཀོད་པའི་གནས་ཚུལ་དེས། ཀ་རྡོར་སྒང་གསུམ་གྱི་བོད་མིའི་སྔོན་ཆད་དང་ད་ལྟའི་སྐད་ཡིག་གི་གནས་སྟངས་གསལ་པོར་མཚོན་འདུག ང་རང་སྒང་ཏོག་གི་གནས་སྡོད་པ་ཞིག་ཡིན་པའི་ཆ་ནས་ད་ལྟའི་ཀ་རྡོར་སྒང་གསུམ་གྱི་བོད་སྐད་ཀྱི་གནས་སྟངས་དེའི་འབྱུང་ཁུངས་ཤེས་འདོད་ཡོད། གང་ལྟར་ཁྱེད་ཀྱིས་ཧ་ཅང་གོ་བདེའི་ལམ་ནས་གསལ་ཚུལ་སྤེལ་བར་རྗེས་སུ་ཡི་རང་ཞུ། ཕན་ཐོག་ཆེ་བས་མུ་མཐུད་ནས་སྤེལ་རོགས།

    1. Bhuchung Tsering

      ཁྱེད་ནས་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ། གནས་ཚུལ་འདིས་ག་རེ་གསལ་པོ་བཟོས་འདུག་ཞུས་ན་གནས་སྟངས་དེ་འདྲ་དེ་སྔ་ནས་ཡོང་བཞིན་པ་དེ་ཡིན། དེ་འདྲ་སོང་སྤྱི་ཚོགས་ནས་དེའི་ཐོག་ཐུགས་འཁུར་ཆེན་པོ་བཞེས་དགོས་པ་ཞིག་ཡིན། བུ་ཆུང་གིས།

  3. Tashi To[gyal

    ཀ་རྡོར་གང་གསུམ་གྱི་བོད་མི་གཞོན་སྐྱེས་ཚོའི་བོད་སྐད་ཐོག་གནས་སྟངས་སྔོན་ལྟར་ཡིན། རེས་གཟའ་ལྷག་པའི་ཉིན་རང་གི་ཆས་གོས་གོན་རྒྱུ་དེ་ཕྲན་བུ་ཡར་རྒྱས་ཀྱི་ངོ་བོར་རྩིས་གནང་ན་སྒྲིག་པ་མངོན། དེ་མིན་རང་སྐད་རྒྱབ་རྒྱུ་དང་རང་གི་སྐད་ཡིག་ཐོག་ཕྲན་ཚུན་འབྲེལ་བ་གནང་རྒྱུ་དེ་རྣམས་སྔོན་ལས་ཀྱང་སྐྱོ་བ་མེད་ནའང་དེ་ལྟར་གནས་འདུག དཱ་དེ་མི་ཉམས་གོང་འཕེལ་ཡོང་ཆེད་གཞུང་དང་མི་སྒེར་ནས་ཐབས་གང་ཡོད་ངེས་པར་བསམ་འཆར་གནང་ན་ལས་ཀྱི་སྣེ་མོར་བཞུགས་མཁན་ཚོའི་ཐུགས་སྣང་གིས་སྤྱི་སྒེར་གཉིས་ནས་དེ་ལ་སྨིན་པའི་ལས་རིགས་འདྲ་མིན་སྤེལ་གནང་ན་དགེ་བསམ།་་

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s