བོད་སྐད་ཀྱི་ཐ་སྙད་འགའ་ཞིག་གོ་དོན་ཐོག་བསམ་ཚུལ་ཐ་རེ་ཐོ་རེ།

ང་ཚོས་སོ་སོའི་སྐད་བེད་སྤྱོད་བྱེད་སྐབས་ཡིན་ཤག་བྱེད་ནས་འགྲོ་ཡི་ཡོད་པའི་དཔེ་མཚོན་གཅིག་ནི་ཐ་སྙད་འགའ་ཞིག་གོ་དོན་ཧ་གོ་རུང་དེའི་འབྱུང་ཁུངས་ཐོག་ཐུགས་སྣང་མེད་པ་ང་རང་སྒེར་གྱི་མྱོང་ཚོར་ནས་ཞུ་ཐུབ། འདིར་ཐ་སྙད་འགའ་ཞིག་ཡོད་པ་ལ་གཟིགས་དང་།

དང་པོ་ནི་”གཅིག་མཇུག་གཉིས་མཐུད་”ཟེར་བ་དེ་ཡིན། དེའི་གོ་དོན་ནི་གསལ་པོ་ཡིནའང་འབྱུང་ཁུངས་གང་འདྲ་ཡིན་ནམ། དེ་བཞིན་”ཏན་ཏན་ཏིག་ཏིག་” ཟེར་དུས་”ཏན་ཏན་”དང་”ཏིག་ཏིག་”ཟེར་བའི་ཚིག་གཉིས་མཉམ་དུ་བསྡུས་པ་ཡིན་ནམ། ཡང་ན་”ཏིག་ཏིག་”ཟེར་ན་ག་རེ་ཡིན་ནམ།

དེ་ནས་ཚིག་གཞན་ཞིག་ནི་”ཡིན་གཅིག་མིན་གཉིས་”ཟེར་བ་དེ་རེད། གོ་དོན་ལ་གཏན་འཁལ་པོའི་ཐོག་ནས་ཡིན་པ་དེའི་འབྱུང་ཁུངས་ག་རེ་ཡིན་ནམ། “ཁ་ཡོད་ལག་ཡོད།”ལྟ་བུའི་ཚིག་མིའི་ལུས་ཀྱི་ཆ་ཤས་ནས་ཡོང་བ་ཡིན་རུང་གོ་དོན་དེ་འདྲ་ཡོང་བའི་རྒྱུ་མཚན་གང་ཡིན་ནམ། དེ་བཞིན་” ཁ་ཙ་དགོས་ཐུག་”ལྟ་བུ་ཡང་འབྱུང་ཁུངས་ཞིག་ཡོད་ཀྱི་རེད།

གང་ལྟར་ངས་འདིར་གཅིག་མཇུག་གཉིས་མཐུད་ནས་བོད་ཡིག་ཐོག་ཐ་སྙད་འགའ་ཞིག་གི་གོ་དོན་ཏན་ཏན་ཏིག་ཏིག་བྱེད་ནས་ཤེས་འདོད་ཡོད། འོན་ཀྱང་དེ་ཚོར་འབྱུང་ཁུངས་ཞིག་ཡིན་གཅིག་མིན་གཉིས་ཡོད་དགོས་པའི་ཁྱབ་པ་མེད། དེ་ཚོའི་ཐོག་གླེང་མོལ་བྱེད་དགོས་དོན་ནི་ཁ་ཙ་དགོས་ཐུག་གི་ཟིན་བྲིས་འདི་འབྲི་དགོས་ཞིང་དེ་ཐོག་ཁ་ཡོད་ལག་ཡོད་ཀྱི་བརྗོད་གཞི་འདི་ལས་རག་མ་བྱུང་། དེ་ན་བསམ་ཚུལ་ཐ་རེ་ཐོ་རེ་འདི་ཞུ་དགོས་བྱུང་། མ་གཞི་ནས་”ཐ་རེ་ཐོ་རེ་”ཟེར་བའི་འབྱུང་ཁུངས་ག་རེ་ཡིན་ཡིན། 🙂

Advertisements

3 thoughts on “བོད་སྐད་ཀྱི་ཐ་སྙད་འགའ་ཞིག་གོ་དོན་ཐོག་བསམ་ཚུལ་ཐ་རེ་ཐོ་རེ།

  1. Sonam

    བཀུར་འོས་བུ་ཆུང་ཚེ་རིང་ལགས།
    ཁྱེད་ཀྱིས་རྒྱུན་བཀོལ་ཐ་སྙད་འགའི་བྱུང་ཁུངས་ཐད་ལ་ཐུགས་སྣང་མཛད་པར་རྗེས་སུ་ཡི་རང་ཞུ། ཐ་སྙད་ཡིན་ཕྱིར་འདོད་རྒྱལ་དང་རྗེས་གྲུབ་གང་རུང་གིས་གྲུབ་ཕྱིར་ཐོག་མ་ཐ་སྙད་དེ་རིགས་གང་གི་ཁོངས་གཏོགས་ཡིན་པ་ངེས་དགོས་སྙམ། དཔེར་ན་ “གཅིག་མཇུག་གཉིས་མཐུད” ནི་མུ་མཐུད་ཀྱི་དོན་ཡིན་པ་ཚིག་རང་ངོས་གསལ་པོ་ཤེས་ཐུབ་པ་ཡིན། དེ་ཡང་བྱ་དངོས་གང་རུང་གི་སྣེ་མཐའ་སོགས་གོང་འོག་སྦྱར་བ་ན་མཐུད་ཅེས་བརྗོད་པས་ན་རྗེས་གྲུབ་ཡིན་པ་ཤེས་ཐུབ།

  2. Tephun Tenzin Shastri

    ངོ་མ་སྙན་ལ་སེམས་ལ་འཇུག་པོ་དང་བགོད་ཀྱང་དྲོ་པོ་སོགས་སྣ་ཚོགས་རོ་བཅུད་ལྡན་ལ་དོན་དག་ཀྱང་ཧ་ཅང་གསལ་པོར་སྟོན་ཡང་ཚིག་རྙོག་མེད་པར་ཁམས་དྭངས་བའི་གཏམ་བརྗོད་གི་རྩོམ་ཚིག་འདི་རིགས་རྒྱ་ལ་དར་ཁྱབ་མེད་པ་དང་། མཐོང་ཐོས་ཀློག་རྒྱུའི་དཔེ་དེབ་དཀོན་པའི་་རྐྱེན་གྱིས་བཙན་བྱོལ་སྤྱི་ཚོགས་ནང་ལ་དམངས་འཕྲོད་ཀྱི་བོད་ཡིག་དང་བོད་སྐད་ཀྱི་བཀོལ་སྤྱོད་བྱེད་ཤུགས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པ་དང་།་ལྷག་པར་གཞོན་སྐྱེས་ཚོའི་ནང་ལ་བོད་ཡིག་གི་ཤེས་ཚད་ཡིད་མུག་དགོས་པའི་གནས་སྟངས་བོད་ནང་གི་བོད་མིར་ངོ་ཚ་དགོས་པ་འདི་ལྷགས་ཀྱིན་ཡོད་པ་རེད དེའི་ཉེས་པ་དེ་གཞོན་སྐྱེས་དང་མི་དམངས་ལས་མང་བ་ཤེས་ཡོན་གྱི་ལས་སྣེར་གཏོགས་པའི་དབང་ཡོད་རྣམས་དང་ཆབས་ཅིག་བོད་རིག་པའི་མཁས་དབང་དུ་གྲགས་པ་བླ་ཆེན་མི་ཆེན་རྣམས་ནས་ན་གཞོན་དང་དམངས་ཀྱི་བོད་ཡིག་གི་ཤེས་ཡོན་ལ་འགན་ཁུར་མ་བླངས་པ་དང་འཐུས་ཤོར་སོང་བ་ཞིག་ཡིན་པ་གསལ་པོ་རེད །

    བཀྲས་ཕུན་བསྟན་འཛིན་ནས།

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s