ཁོང་གི་མཚན་ལ་གོ་དོན་ག་རེ་ཡོད་དམ།

དེང་ཨ་མེ་རི་ཀའི་སྤྱི་ཚོགས་ནང་འགྱུར་བ་ཡོང་གི་ཡོད་པ་གཅིག་ནི་བུད་མེད་ཚོས་གཉེན་སྒྲིག་བྱུང་རྗེས་རང་ཉིད་ཀྱི་མཚན་བེད་སྤྱོད་གནང་སྟངས་དེ་རེད། སྤྱིར་བཏང་ནུབ་ཕྱོགས་བུད་མེད་ཚོས་རང་ཉིད་ཀྱི་སྐུ་ཟླའི་མཚན་མཐའ་མ་དེ་བཞེས་སྲོལ་ཡོད་པ་མཁྱེན་གསལ་རེད། འོན་ཀྱང་དེང་བུད་མེད་བྱེ་མང་ནས་གཉེན་སྒྲིག་རྗེས་སུའང་རང་ཉིད་ཀྱི་མཚན་ཉར་བ་ཙམ་མ་ཡིན་པར་དེ་འདྲ་བྱེད་ཀྱི་ཡོད་པ་དེ་ཡང་མངོན་གསལ་བཟོ་གནང་གི་འདུག་ དཔེར་ན་ཉེ་ཆར་གྱི་ནིའུ་ཡོག་དུས་བབས་ནང་ཆང་སའི་དགའ་སྟོན་གྱི་གསལ་བསྒྲཌ་ནང་”མནའ་མས་རང་ཉིད་ཀྱི་མིང་མུ་མཐུད་ཉར་གྱི་རེད་”ཟེར་བ་མང་པོ་འདུག་ དེ་མ་ཚད་གསལ་བསྒྲཌ་གཅིག་ནང་གནའ་མས་ཟ་ཟླའི་མིང་ལེང་རྒྱུ་ཡིན་པ་དེ་ཡང་གནད་འགག་བྱས་ནས་བཤད་འདུག

དེ་མཐོང་བ་དང་གུས་པར་བོད་མི་དང་བོད་ཀྱི་རིག་གཞུང་དར་བའི་སྤྱི་ཚོགས་ནང་མིང་ཐོག་གི་གནས་སྟངས་ཐོག་བསམ་བློ་འཁོར་སོང་། སྔར་རྒྱུན་ཡིན་ན་མནའ་མ་དང་མག་པས་མི་ཚང་གི་མིང་ལེན་སྲོལ་ཡོད། དེ་མིན་སྤྱིར་མིང་ནས་མི་མཐོང་མ་མྱོང་ནའང་ཕོ་མོའི་དབྱེ་བ་གང་མཚམས་ཧ་གོ་བ་རེད། དཔེར་ན་གུས་པའི་མིང་བུ་ཆུང་དང་། བསྟན་པ། ནོར་རྒྱས་ལ་སོགས་ནི་ཕོ་མིང་ཡིན་པ་དང་། ཡང་བཟང་མོ་དང་། ནོར་འཛིན། སྒྲོལ་མ། སྒྲོལ་དཀར་ལྟ་བུ་ནི་མོ་མིང་ཡིན། ཡང་མིང་འགའ་ཞིག་སྔ་རྗེས་གང་དུ་ཡོད་མིན་ནས་ཕོ་མོའི་དབྱེ་བ་ཧ་གོ་ཐུབ། འོན་ཀྱང་བོད་ཀྱི་ས་ཁུལ་ཨ་མདོ་ལྟ་བུར་ཕོ་མིང་ལའང་”སྒྲོལ་མ་དང་སྒྲོལ་དཀར་”སོགས་ཡོད།

དེང་ལྷག་པར་དུ་ནུབ་ཕྱོགས་སུ་ཡོད་པའི་བོད་མིའི་ནང་རང་གི་ཟ་ཟླའི་མིང་མཐའ་མ་དེ་བེད་སྤྱོད་གནང་མཁན་བུད་མེད་བྱེ་མང་ཡོད་། ད་ཆ་མི་ཚང་མིང་དང་མག་པའི་མིང་མཐའ་མའི་དབར་དབྱེ་བ་གསལ་པོ་མེད་པའི་ཐོག་བོད་པའི་མནའ་མས་ཀྱང་རང་གི་ཟ་ཟླའི་མིང་མཐའ་མ་ལེན་སྲོལ་བྱུང་བའི་རྐྱེན་ཕོ་མོའི་དབྱེ་བ་ཧ་གོ་རྒྱུ་ཁག་ཏུ་ཕྱིན་འདུག་གོ

Advertisements

8 thoughts on “ཁོང་གི་མཚན་ལ་གོ་དོན་ག་རེ་ཡོད་དམ།

  1. གཡག

    ཁྱེད་ཀྱིས་གསུངས་པ་བདེན། ང་ཚོའི་ཉེ་ཁོར་ལ་མིང་དེ་རིགས་ཡོད་པ་སྟེ། དཔེར་ན། འཆི་མེད་ལྷུན་གྲུབ་དང་དཔལ་མོ་མཁས་གྲུབ། ཉི་མ་ཁ་མདོ་སོགས་ཡོད། ཕལ་ཆེར་རིག་གཞུང་གི་ཤུགས་རྐྱེན་དང་ས་གནས་ཀྱི་ཁྲིམས་ལས་བྱུང་བ་རེད་སྙམ།

    1. Bhuchung Tsering

      ད་ག་རང་། དུས་ཀྱི་འགྱུར་བ་ཟེར་དགོས་ས་རེད། ལམ་སྲོལ་འདི་འདྲ་ད་ཆ་འབྲུག་དང་འབྲས་ལྗོངས་ལྟ་བུར་ཡང་འདུག་

  2. nogoponda

    བུ་ཆུང་ཚེ་རིང་ལགས་ནས་དཔེ་ཡཀ་པོ་བྲིས་གནང་འདུག ཚང་མ་ཞིབ་ཚགས་ཀྱིས་བལྟ་གི་ཡོད། མུ་མཐུད་མང་ཙམ་འབྲི་རོགས་གནང་ཞུ་བ་ཡིན།

    1. Bhuchung Tsering

      ཁྱེད་ནས་ཐུགས་ཞིབ་གནང་བར་ཐུགས་རྗེ་ཆེ།

      1. མདའ་ཚན་པ།

        ང་ཨ་མདོ་ནས་ཡིན། ཨ་མདོ་ན་ཕོ་ཡི་མིང་ལ་སྒྲོལ་མ། སྒྲོལ་དཀར། ལྷ་མོ་ཟེར་བ་དེ་འདྲ་ཡོད་པ་ད་སྔ་ཐུག་མ་མྱོང་། མཐོང་མ་མྱོང་། གོ་མ་མྱོང་། འདི་ཚོ་ནི་མོ་ཡི་མིང་རེད།
        ཡང་མིང་གི་ཡི་གེ་གསུམ་དང་བཞི་ཅན་དེ་འདྲ་ཡིན་ན། མིང་གི་མགོར་གོང་གསལ་གྱི་འདི་དག་ཡོད་པ་དེ་འདྲ་ཡོད་པ་རེད། ལྷ་མོ་སྐྱབས། སྒྲོལ་མ་སྐྱབས། སྒྲོལ་དཀར་སྐྱབས། ལྷ་མོ་དོན་འགྲུབ། ལྷ་མོ་ཚེ་རིང་། ལྷ་མོ་དོན་གྲུབ། མིང་འཇུག་ཏུ་སྐྱབས་ཡོད་པ་ཕོ་དང་མིང་འཇུག་ཏུ་མཚོའམ་འཚོ་ཡོད་པ་བུ་མོ་རེད།

      2. Bhuchung Tsering

        ཁྱེད་ཀྱི་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། གུས་ཀྱི་ཟིན་བྲིས་ནང་གསལ་ཨ་མདོ་ནང་སྒྲོལ་མ། སྒྲོལ་དཀར། ལྷ་མོ་སོགས་མིང་གི་མགོར་ཡོད་ན་ཕོ་མིང་ཡིན་སྲིད་པ་དེ་ཞུ་ཡི་ཡོད་མ་གཏོགས་སྤྱིར་བཏང་དེ་འདྲ་ཡིན་པ་ཞུ་ཡི་མེད།

  3. བུ་ཆེ་བ།

    བུ་ཆུང་ལགས་ཀྱི་ཟིན་བྲིས་ཡག་པོ་འདུག ཨ་མདོའི་མིང་གི་སྐོར་ལ་གོང་དུ་མདའ་ཚན་པས་གསལ་བཤད་བརྒྱ་གོ་གཅིག་ཆོད་ཅིག་བརྒྱབ་འདུག འོན་ཀྱང་ནན་བཤད་བྱེད་རྒྱུར། བུ་ཆུང་གིས་ཨ་མདོ་ཁུལ་དུ་ཕོའི་མིང་ལ་སྒྲོལ་དཀར་དང་། སྒྲོལ་མ། ལྷ་མོ་སོགས་ཡོད་ཅེས་བྲིས་འདུག་པ་ལས། མིང་གི་སྟོད་ཆའམ་མིང་གི་ཆ་ཤས་ལ་དེ་འདྲ་ཡོད་པ་དང་པོ་གསལ་ཁ་དོད་མི་འདུག་ཀྱང་། མདའ་ཚན་པ་ལ་ལན་འདེབས་ནང་། དང་པོ་ནས་གསལ་ཁ་བཏོད་ཡོད་པའི་བཟོ་འདྲ་བོ་ཞིག་བཤད་འདུག གང་ལྟར་རྗེས་སུ་དཔྱད་རྩོམ་འབྲི་དུས་གསལ་ཁ་དོད་པོ་འབྲི་རྒྱུའི་རེ་བ་ཡོད། གཞན་མི་གཞན་གྱིས་རང་གི་ཞན་ཆ་གླེང་བ་དང་དང་ལེན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡ་རབས་ཀྱི་གཤིས་ཀ་ཞིག་རེད།

    1. Bhuchung Tsering

      ཁྱེད་ཀྱི་དགོངས་ཚུལ་དང་ལམ་སྟོན་གནང་བར་ཐུགས་རྗེ་ཆེ།

      བུ་ཆུང་གིས།

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s