༢༠༡༠ ལོའི་ནང་བོད་དང་འབྲེལ་བའི་གནས་ཚུལ་ཆེ་ཁག་ཐོག་གུས་པའི་དཔྱད་ཞིབ།

ཕྱི་ལོ་གསར་པ་འདིར་གུས་པའི་ཟིན་བྲིས་འདིར་ཕེབས་མཁན་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་། ལོ་འདིར་སྐུ་ཉིད་ཀྱི་ལས་དོན་ཐམས་ཅད་དོན་སྙིང་ལྡན་པ་ཡོང་བའི་སྨོན་ལམ་ཡོད།
འདས་མ་ཐག་པའི་ལོའི་ནང་བོད་དང་འབྲེལ་བའི་གནས་ཚུལ་བྱུང་བ་དབྱེ་བ་གཉིས་སུ་ཕྱེ་ཆོག་འདུག གཅིག་ནི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་དང་གཉིས་པ་དེ་ནི་སྤྱི་ཚོགས་དང་འབྲེལ་བའི་གནས་ཚུལ་ཡིན།

ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་ལ་ཞིག་ན་གཤམ་འཁོད་རྣམས་༢༠༡༠ ལོའི་གལ་ཆེ་བའི་དོན་ཚན་ཡིན།

༡༽ཕྱི་ཟླ་དང་པོའི་ནང་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་ལྷན་འབྲེལ་མོལ་ཐེངས་དགུ་པ་དེ་གནང་སྐབས་བོད་མིའི་ངོས་ནས་དེ་སྔའི་”བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་” དེ་ཐོག་འགྲེལ་བཤད་ཀྱི་ཡིག་ཆ་རྒྱ་ནག་སྐུ་ཚབ་ལ་གནང་ཡོད་པ་རེད། ཡིག་ཆ་དེས་བོད་ཀྱི་མ་འོངས་པའི་ཐོག་༧གོང་ས་མཆོག་གི་དགོངས་པ་བཞེས་ཕྱོགས་དེ་གསལ་དུ་བཟོ་ཡོད་པ་རེད།

༢༽ ཕྱི་ཟླ་གཉིས་པའི་ནང་༧གོང་ས་མཆོག་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཆིབས་བསྒྱུར་གནང་ནས་སྲིད་འཛིན་ཨོ་སྦ་མ་མཇལ་གནང་བ་དང་། དེ་རྗེས་ཕོ་བྲང་དཀར་པོ་ནས་ཡོང་ཁྱབ་གསལ་བསྒྲགས་ཞིག་ནང་༧གོང་ས་མཆོག་གི་ལམ་དབུ་མར་སྲིད་འཛིན་ཨོ་སྦ་མས་རྒྱབ་སྐྱོར་གནང་གི་ཡོད་པ་གསུངས་ཡོད། དེ་ནི་ཨ་རིའི་སྲིད་འཛིན་ཞིག་གི་ངོས་ནས་དབུ་མའི་ལམ་ལ་ཡིག་ཐོག་ནས་རྒྱབ་སྐྱོར་གསལ་པོ་གསུངས་པ་དང་པོ་ཡིན།

༣༽ཟླ་བ་ལྔ་པ་དང་བརྒྱད་པའི་ནང་༧གོང་ས་མཆོག་ནས་དྲ་རྒྱའི་འཕྲུལ་སྒྲ་བརྒྱུད་རྒྱ་རིགས་ཚོའི་དྲི་བར་བཀའ་ལན་གནང་བ་དེས་མགོན་པོ་གང་ཉིད་དང་རྒྱ་རིགས་མང་ཚོགས་དབར་ཐད་ཀའི་འབྲེལ་བ་མཚོན་པ་དང་དེས་རྒྱ་རིགས་དང་རྒྱལ་སྤྱིའི་ནང་བག་ཆགས་དམིགས་བསལ་ཞིག་བྱུང་ཡོད།

༤༽ཟླ་བ་དགུ་པའི་ནང་བཙན་བྱོལ་བོད་མིའི་དམངས་གཙོའི་འགྲོ་ལུགས་དེ་ལོ་༥༠ འཁོར་བ་ཡིན་པས་དེས་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ལ་རྣམ་པ་གསར་པ་ཞིག་སྤྲད་ཡོད།

༥༽ཟླ་བ་བཅུ་པའི་ནང་བཙན་བྱོལ་བོད་མིའི་དམངས་གཙོའི་འགྲོ་ལུགས་ནང་གལ་གནས་ཆེ་ཤོས་མི་མང་དབུ་ཁྲིད་བཀའ་བློན་ཁྲི་པ་དང་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་རྒྱུའི་ལས་རིམ་དེ་འགོ་བཙུགས་བཞིན། ལས་རིམ་འདི་སྔར་དང་མི་འདྲ་བའི་འཁྲུག་པོའི་རྣམ་པའི་ཐོག་ནས་འགྲོ་བཞིན་རེད། དེ་ནི་ལོ་རྒྱུས་ནང་གསར་པ་ཞིག་རེད།

སྤྱི་ཚོགས་གནས་ཚུལ་ནང་གལ་ཆེ་བ་འགའ་ཞིག་ནི།

༡༽ཟླ་བ་གཉིས་པའི་ནང་༧གོང་ས་མཆོག་གི་མཚན་ཐོག་དྲ་རྒྱའི་འཕྲུལ་སྒྲ་ནང་མཉམ་ཞུགས་གནང་བ་དེས་རྒྱལ་སྤྱིའི་ནང་བག་ཆགས་ཆེན་པོ་བྱུང་བཞིན་ད་ལྟའི་འཆར་དེར་རྗེས་དད་པ་གྲངས་༡༡༩༥༦༣༦ འདུག

༢༽༢༠༡༠ལོའི་ནང་༧གོང་ས་མཆོག་ནས་ཚན་རིག་མཁས་དབང་ལྷན་བགྲོ་གླེང་ཐེངས་འགའ་ཞིག་གནང་བ་དེས་མགོན་པོ་གང་ཉིད་སྤྱིར་བཏང་ཆོས་ཀྱི་དབུ་ཁྲིད་ཙམ་མིན་པར་རྒྱལ་སྤྱིའི་ནང་ཚན་རིག་པའི་སྤྱི་ཚོགས་ནས་ཆེ་བསྟོད་ཞུ་བཞིན་པའི་མི་སྣ་ཞིག་ཡིན་པ་དེ་གསལ་དུ་ཕྱིན་སོང་། དེ་ཡང་ཨ་རིར་ཟླ་བ་ལྔ་པ་དང་བཅུ་པ་གཉིས་སུ་མཐོ་སློབ་གསུམ་ནང་དེ་འདྲ་བའི་བགྲོ་གླེང་ནང་མཉམ་ཞུགས་གནང་བ་མ་ཟད་༧གོང་ས་མཆོག་ནས་དབུ་འཛུགས་གནང་བའི་སེམས་དང་སྲོག་གི་ཚོགས་འདུ་དེ་༢༠༡༠ ནང་སུད་སི་དང་རྒྱ་གར་གཉིས་སུ་ཚོགས་ཡོད།

༣༽ཟླ་བ་བཞི་པའི་ནང་བོད་ཤར་ཕྱོགས་ཡུལ་ཤུལ་ཁུལ་དུ་ས་འགུལ་ཐབས་སྡུག་པོ་བྱུང་བ་དེར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རྣམ་འགྱུར་སྟོན་གནང་སྟངས་དེས་མདོ་དབུས་ཁམས་གསུམ་གྱི་བོད་མིའི་དབར་གཅིག་ཡིན་པའི་ཚོར་བ་དེ་ནུས་ཤུགས་ཆེ་རུ་གཏོང་སོང་།

 

 

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s