སྦེ་ལི་ཀོ་པི་སྐོར་གཅིག་བཤད་འདོད་བྱུང་།

སྦེ་ལ་ཀོ་པའི་གཞིས་ཆགས་ཀྱིས་སེར་བྱེས་ཟ་ཁང་གི་མདུན་གྱི་ལམ་ཆེན་ཀྱི་འདྲ་དཔར་ཞིག དྲ་ཚིགས་ཞིག་ཐོག་འདུག་

བདུན་ཕྲག་གཉིས་རིང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་རྙིང་ཤོས་གྲས་ལུགས་བཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་གཉིས་སུ་བོད་དང་འབྲེལ་བའི་འདུ་འཛོམས་གལ་ཆེ་འགའ་ཞིག་གནང་གི་ཡོད་པའི་རྐྱེན་ས་གནས་དེར་རྒྱ་གར་ཙམ་མ་ཟད་འཛམ་གླིང་ཡོངས་སུ་དོ་སྣང་ཡོང་རྒྱུ་ཡིན། ༢༠༡༠ ཟླ་༨ཚེས་ ༢༦ ནས་ ༣༡ བར་་”བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་” དེ་ཚོགས་ཀྱི་ཡོད་པ་དང་།
ཟླ་ ༩ ཚེས་ ༡ ཉིན་ས་གནས་སུ་ཡོད་པའི་གདན་ས་སེར་རའི་སེར་སྨད་ཐོས་བསམ་ནོར་གླིང་གྲ་ཚང་དུ། བོད་གཞུང་དམངས་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་ ༢ ཉིན་སེར་བྱེས་གྲ་ཚང་གི་༧རྒྱལ་བའི་ཕོ་བྲང་དུ་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ཏེ། ལོ་ ༥༠ འཁོར་བའི་དུས་དྲན་རྒྱས་པ་སྲུང་གཙི་དང་འབྲེལ་བོད་མི་ཡོངས་ནས་༧གོང་ས་ མཆོག་ལ་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་འཆར་ཡོད་འདུག

འདུ་འཛོམས་དེ་ཚོར་བོད་མི་ཙམ་མ་ཟད་རྒྱ་གར་དང་ཕྱི་རྒྱལ་ནས་སྐུ་མགྲོན་མང་པོ་ཕེབས་གནང་གི་ཡོད་པའི་གནས་ཚུལ་འདུག

གུས་རང་ཆུང་དུས་ཚར་ལོང་བྱེད་ས་དེ་ས་ཁུལ་དེར་ཡིན་པའི་གནད་དོན་དེར་དོ་སྣང་དམིགས་བསལ་བྱེད་བཞིན་ཡིན། ཚོགས་འདུ་འདི་ཚོའི་ཐོག་ང་ཚོར་གནས་ཚུལ་ཉིན་རེ་བཞིན་ཡོང་གི་རེད་དེ་ཟིན་བྲིས་འདིར་ས་ཁུལ་གྱི་མིང་ཐོག་འགྲེལ་བརྗོད་བྱེད་འདོད་བྱུང་།

༧གོང་ས་མཆོག་ནས་གཞིས་ཆགས་གཉིས་སུ་དངོས་གཞིའི་མིང་གནང་བ་ནི་གཞིས་ཆགས་”རྙིང་པ་”ལ་ལུགས་བཟུང་བསམ་གྲུབ་གླིང་དང་”གསར་པ་”་ལ་བདེ་སྐྱིད་སླར་གསོ་རེད་། གཞིས་ཆགས་མི་མང་གི་ཁ་རྒྱུན་ལ་གཞིས་ཆགས་རྙིང་པ་དང་གསར་པ་ཟེར་བ་མ་གཏོགས་དངོས་གཞིའི་མིང་འབོད་སྲོལ་མེད་། གཞིས་ཆགས་”གསར་པ་” དེ་ཡང་༡༩༦༩ ལོར་འགོ་བཙུགས་པ་ཞིག་ཡིན་པས་ད་ཆ་ལོ་༤༠ ལྷག་ཕྱིན་པའི་”གསར་པ་རེད་།
གཞིས་ཆགས་རེ་རེའི་ནང་གྲོང་སྡེ་”ཀེམ”མང་པོ་ཡོད་ཞིང་གཞིས་ཆགས་རྙིང་པའི་གྲོང་སྡེའི་མིང་རྒྱ་གར་སྐད་དུ་ཡོད་། དཔེར་ན་ངའི་ཕ་མ་གནས་ཡུལ་དེ་ཀེམ་གཉིས་པ་ཡིན་ཞིང་དེའི་མིང་ནི་”ཀེ་ལ་སི་པུ་ར་”རེད་། གཞིས་ཆགས་གསར་པའི་གྲོང་སྡེ་ཁག་གི་མིང་བོད་སྐད་དུ་ཡོད་། དཔེར་ན་བྱམས་པ་གླིང་ལྟ་བུ་ཡིན།
ཡང་གཞིས་ཆགས་ཀྱི་གཙོ་འཛིན་”དོན་གཅོད་”ཀྱི་ཡག་ཚང་ལ་ཕལ་སྐད་ལ་”ལས་ཁུངས་”ཞེས་འབོད་ཀྱི་ཡོད་།

ཡང་ཡོང་གྲགས་སུ་བོད་མི་ཚོས་མེ་སོར་གཞིས་ཆགས་ཞེས་ཡང་འབོད་སྲོལ་ཡོད་། དེ་ནི་གཞིས་ཆགས་གནས་ཡུལ་གྱི་མངའ་སྡེ་དེའི་མིང་ཐོག་མ་དེ་ནི་མེ་སོར་ཡིན་པ་དང་དེ་བཞིན་ཉེ་འགྲམ་གྲོང་ཁྱེར་ཆེ་བ་དེ་ཡང་མེ་སོར་ཡིན་པའི་རྐྱེན་ཡིན་གྱི་རེད་བསམ།

གཞིས་ཆགས་གཉིས་ཆགས་ཡུལ་དེ་ནི་རྒྱ་གར་གྲོང་གསེབ་”སྦེལ་ཀོབ་པ་”རུ་ཡིན་སྟབས་མིང་གཞན་ཞིག་ནི་”སྦེལ་ཀོབ་གཞིས་ཆགས་”ཡང་འབོད་། ཡུལ་མི་ཚོས་སྦེལ་ཀོབ་པ་འབོད་རུང་བོད་སྐད་དུ་ཡི་གེའི་ནང་ཕལ་མོ་ཆེས་”སྦེལ་ཀོབ་༼”མེ་སོར་སྦེལ་ཀོབ་༽གསུངས་པ་དང་ཕལ་སྐད་ཐོག་སྦེ་ལི་ཀོ་པི་གསུངས་ཀྱི་ཡོད་།

ད་ལམ་འདུ་འཛོམས་དེར་ཕེབས་མི་ཚོར་བཞུགས་རྒྱུན་རིང་སྤྲོ་པོ་ཡོང་བའི་རེ་བ་དང་དུས་ཚོད་བྱུང་ན་ཀེམ་གཉིས་པའི་”མཚོ་”་ལ་ཐེངས་གཅིག་ཕེབས་རོགས་གནང་། དེར་ཉ་མང་པོ་༧གོང་ས་མཆོག་གི་སྐུ་ཚེའི་ཆེད་ཚེ་ཐར་གཏོང་བ་ཡོད་།

Advertisements

4 thoughts on “སྦེ་ལི་ཀོ་པི་སྐོར་གཅིག་བཤད་འདོད་བྱུང་།

  1. སྐུ་ངོ་བུ་ཆུང་ཚེ་རིང་ལགས། དེ་གཞིས་གྲོང་ན་མ་རེད། དེ་སེར་བྱེས་ཟ་ཁང་གི་མདུན་གྱི་ལམ་ཆེན་དེ་རེད།

    1. Bhuchung Tsering

      ཐུགས་རྗེ་ཆེ། གུས་ནས་འགྲེལ་བརྗོད་དེ་བཟོ་བཅོས་ཞུ་ཡི་ཡིན།

  2. Lobsang Tashi

    སྐུ་ངོ་ལགས་ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ཚོ་གཞོན་སྐྱེས་ཚོར་མིག་ལྟོས་བཟང་པོ་ཞིག་འཇོག་བཞིན་འདུག ང་ཚོས་ཀྱང་ཁྱེད་རང་ལྟར་བོད་ཡིག་ནང་བྷོ་ལོག་རེ་བཟོས་ན་གང་འདྲ་འདུག རིམ་པས་ཡར་རྒྱས་འགྲོ་ངེས་ཡིན།

  3. བསྟན་འཛིན།

    གྲོང་སྡེ་གཉིས་པའི་མཚོར་བཅར་རྒྱུའི་གོ་སྐབས་བྱུང༌། གཞིས་ཆགས་དེར་སེམས་ཤོར་ནས་ནང་ལ་ཕྱི་ལོག་མ་བྱེད་བསམ་པའི་བསམ་བློ་ཡང་བྱུང༌། ཡིན་ན་ཡང༌། གྲོགས་པོ་ཚོས་ང་ཚོ་ཁུལ་དེར་སླེབས་པའི་དུས་ཚོད་དེ། བཞུགས་སྒར་དུ་ཕྱི་ཟླ་བཅུ་པའི་ནང་སླེབས་པ་ལྟ་བུ་རེད་ཅེས་བརྗོད་དུས། བསམ་བློ་གཉིས་པ་བཏང་ནས་ཕྱིར་ལོག་བྱས་པ་ཡིན། གང་ལྟར་ཁྱེད་རང་ཆུང་དུས་ས་ཆ་སྐྱིད་པོ་ཞིག་ལ་བཞུགས་འདུག དེ་ཁྱེད་རང་གི་སྐུ་བསོད་རེད།

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s