ཟླ་༤ ཚེས་༧ ཉིན་གྱི་ཨ་རིའི་བོད་སྐད་རླུང་འཕྲིན་གྱི་བརྙན་འཕྲིན་ལས་རིམ་ཀུན་གླེང་ཐོག་”བོད་ཡིག་ལེགས་བཅོས་”གླེང་གཞིའི་ཐོག་བཀའ་བསྡུར་གནང་བ་དེ་བལྟས་རྗེས་གུས་པར་ཚོར་བ་འདི་འདྲ་བྱུང་།
ཐོག་མར་བཀའ་བསྡུར་དེ་དུས་ལ་བབ་པ་རེད་། དེང་སང་གི་སྤྱི་ཚོགས་གནས་སྟངས་འགྱུར་བ་ཕྱིན་ཡོད་པ་དང་། འཕྲུལ་ཆའི་རིགས་ཡར་རྒྱས་འགྲོ་རྐྱེན་གློག་ཀླད་སོགས་ལ་བོད་ཡིག་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་མང་དུ་ཕྱིན་པའི་དུས་རེད་། ཁོར་ཡུག་དེར་བརྟེན་བོད་མི་གཞོན་སྐྱེས་མང་པོས་བོད་ཡིག་ལ་ཐུགས་སྣང་གསར་པ་ཞིག་ཡོང་གི་ཡོད་། དེའི་དཔེ་མཚོན་གཅིག་ནི་དྲ་རྒྱའི་ཐོག་ཟིན་བྲིས་དང་འཕྲུལ་སྒྲའི་༼ཊི་ཝི་ཊར་༽ཐོག་བོད་ཡིག་བེད་སྤྱོད་གནང་མཁན་ཉིན་རེ་བཞིན་མང་དུ་འགྲོ་ཡི་ཡོད་།
ཀུན་གླེང་ཐོག་སྐུ་མགྲོན་བསྟན་འཛིན་བདེ་སྐྱིད་ལཌ་དང་བསོད་ནམས་རྒྱལ་མཚན་ལགས་གཉིས་ནས་སོ་སོའི་དགོངས་པ་བཞེས་ཕྱོགས་དེ་གསལ་པོ་བཟོས་གནང་སོང་། བསྟན་འཛིན་བདེ་སྐྱིད་ལགས་ནས་གཞོན་སྐྱེས་ཚོས་བོད་ཡིག་བེད་སྤྱོད་ལེགས་པ་ཡོང་ཆེད་འབྲི་སྟངས་ལ་འགྱུར་བ་སྟངས་ནས་ཚིགས་དབར་བར་སྟོང་བཞག་རྒྱུ་བཟོ་གནང་དགོས་འདུག་གསུངས། ཁོང་གི་གསུངས་པ་དེ་ནི་དེང་དུས་ཕྱིའི་སྤྱི་ཚོགས་ནང་ཚར་ལོངས་བྱེད་བཞིན་པའི་བོད་མི་གཞོན་སྐྱེས་བོད་ཡིག་ལ་ཐུགས་སྣང་ཡོད་མཁན་ཞིག་གི་དགོངས་ཚུལ་རེད་། ཁོང་གི་གསུངས་པ་དེ་འདྲ་བྱུང་བ་ཡིན་ན་བོད་ཡིག་ཀློག་བདེ་རུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད་། བསོད་ནམས་རྒྱལ་མཚན་ལགས་ནས་འགྱུར་བ་དེ་འདྲ་བཏང་དགོས་མིན་གསུངས་པ་དེ་ནི་སྔྲར་སྲོལ་འགྲོ་ལུགས་གཞི་བཞག་ནས་གསུངས་ཀྱི་ཡོད་འདུག
ངའི་བསམ་པར་ཕྱོགས་གཉིས་ཀའི་བསམ་བློ་དང་མཐུན་པ་དང་བོད་ཡིག་སློབ་སྦྱོང་བྱེད་རྒྱུར་ཕན་པ་ཡོང་རྒྱུར་བར་སྟོང་བཞག་རྒྱུའི་འགྲོ་ལུགས་དེ་ལམ་སང་སྤྱི་ཡོངས་སུ་བེད་སྤྱོད་གནང་རྒྱུའི་ཚབ་ཏུ་བོད་ཡིག་སློབ་དགེ་ཚོས་དམའ་རིམ་སློབ་ཕྲུག་ཚོར་སློབ་ཕྲིད་གནང་སྐབས་ལམ་སྟོན་ཆེད་བེད་སྤྱོད་གནང་འགོ་བཙུགས་པ་ཡིན་ན་ཕན་ཐོག་ཡོད་སྲིད་།
ཕྲུ་གུ་ཆུང་ཆུང་ཚོར་སློབ་ཚན་གང་ཞིག་སློབ་སྐབས་གོ་བདེ་པོ་བཟོ་རྒྱུ་དེ་གཙོ་བོ་རྩིས་པའི་ལུགས་སྲོལ་དེ་ང་རང་གི་བུ་ཨ་རིའི་སློབ་གྲར་འགྲོ་བཞིན་པའི་ཉམས་མྱོང་ནས་ཚོར་གྱི་འདུག དཔེར་ན་དམའ་རིམ་ཛིན་གྲའི་ནང་སློབ་ཕྲུག་ཚོས་གོ་བ་ལེན་ཐུབ་མིན་དེར་གལ་ཆེ་བ་རྩིས་ནས་ཡི་གེ་བྲིས་སྐབས་དག་ཆ་སོགས་ལམ་སྲོལ་དང་མ་མཐུན་བར་ནོར་གྱི་ཡོད་ཀྱང་རྒན་ལགས་ནས་སྣང་མེད་བཞག་གི་འདུག
དེ་འདྲ་སོང་དམའ་རིམ་དུ་བོད་ཡིག་སློབ་སྦྱོང་བྱེད་སྐབས་བར་སྟོང་བཞག་ནས་གོ་བདེ་རུ་འགྲོ་བ་ཡིན་ན་དེ་འདྲ་གནང་ཐུབ་ན་ཡག་པོ་ཡོད་ཀྱི་རེད་།
སྤྱི་ཚོགས་ནང་བར་སྟོང་བཞག་རྒྱུ་དེ་ལམ་སང་ཁས་བླངས་ཁག་པོ་ཡིན་པ་དེ་ད་རེས་ཀུན་གླེང་ལས་རིམ་ཐོག་ཞལ་པར་གནང་མཁན་ཚོའི་དགོངས་ཚུལ་ནས་གཟིགས་ཐུབ།
ངའི་ བསམ་པར་ ལམ་སྲོལ་ བཟོ་ཆེད་ ཐོག་མར་ ཐུགས་སྣང་ ཡོད་མཁན་ འགའ་ཞིག་ ནས་ ཚོད་ལྟའི་ ཐོག་ནས་ ཟིན་བྲིས་ སམ་ གསར་ཤོག་ ཤིག་འགྲོ་ལུགས་ དེ་འདྲའི་ ཐོག་ནས་ སྟོན་པ་ ཡིན་ན་ དེར་ སྤྱི་ཚོགས་ ནས་ དོ་སྣང་ ཡོང་བར་ ཕན། མཐའ་མ་ སྐད་ གང་ཞིག་ གི་ འགྲོ་ལུགས་ ལ་ འགྱུར་བ་ འགྲོ་བར་ མང་ཚོགས་ ནས་ མོས་མཐུན་ གང་འདྲ་ ཡོད་མིན་ ལ་ རག་ ལས་ ཡོད་།
ད་རང་ཞོགས་པ་གུས་པས་འཕྲུལ་སྒྲའི་༼ཊི་ཝི་ཊར་༽ཐོག་ཨ་རིའི་རྩོམ་པ་པོ་ཨེ་ལེན་སྒ་ལ་སི་སྒོ་ཡི་གསུང་ཞིག་ལུང་འདྲན་བྱས་པ་ཡིན། དེ་ནི་”འགྱུར་བ་ཚང་མ་འཕེལ་རྒྱས་མིན། འགུལ་སྐྱོད་ཐམས་ཅད་མདུན་སྐྱོད་མིན།” ལུང་འདྲན་དེ་བྱེད་སྐབས་ཀུན་གླེང་ཐོག་བཀའ་བསྡུར་དེ་འདྲ་ཞིག་ཡོང་གི་ཡོད་པ་ཚོད་དཔག་མེད་། འོན་ཀྱང་ད་ལྟའི་འགྱུར་བ་དེ་ནི་འཕེལ་རྒྱུས་ཕྱོགས་སུ་ཡིན་པ་དང་འགུལ་སྐྱོད་དེའང་མདུན་སྐྱོད་ཕྱོགས་སུ་ཡིན་པ་ཚོར་གྱི་འདུག
I agree with you. any kind of change is uncomfortable and not easy but why we not try. it will takes time but I think, it is positive change.
སྤྱིར་བར་སྟོང་འཇོག་སྟེ་ཕན་ཐོགས་ཀྱི་ཡོད་ན་འགྲིག་གི་ཡོད་པ་རེད། ཡིན་ནའི་བོད་ཡིག་གི་སུམ་རྟགས་དག་གསུམ་མ་ཤེས་ན་འགྲོ་ས་གཅིག་ཀྱང་ཡོད་པ་མ་རེད། ཨ་རི་རླུང་འཕྲིན་ཁང་ནང་ང་ན་ཚ་མེད། གཡག་ལྔ་ཀར་ཤི་སོང་ཞེས་པ་དེ་དག་ཆ་ནོར་བའི་དཀའ་ངལ་ཞིག་རེད་མ་གཏོགས་བར་སྟོང་མེད་པའི་དཀའ་ངལ་ཞིག་ཨེ་ཡིན། རྔ་སྟེ་མཇུག་མ་དང་གྲངས་ལྔ་གཉིས་འཁྲུག་པའི་རྐྱེན་གྱིས་རེད། དེ་བཞིན་འཕགས་པ་དང་ཕག་པའམ་འཕག་པ། འཐབ་དང་ཐབས། འགྲོ་དང་བྲོ གྲུ་དང་བྲུ་སོགས་སྒྲ་གདངས་གཅིག་པ་ཡིན་ནའང་དོན་དག་རྦད་དེ་ཐ་དད་རེད། དེ་འདྲ་སོང་ཙང་དག་ཆ་མ་ཤེས་ན་བར་སྟོང་ག་ཚོད་འཇོག་ཀྱང་ཕན་ཐོགས་ཁག་པོ་རེད།
སྤྱིར་བཏང་བོད་ཡིག་སློབ་འཁྲིད་གནང་མཁན་ཚོ་གུ་ཡངས་པོ་དགོས་རྒྱུ་གལ་ཆེ་ཞིང་། དེ་ལས་ཀྱང་གལ་ཆེ་བ་ནི་ཕ་མ་ཚོས་ཕྲུ་གུ་ཚོར་ཆུང་དུས་ནས་བོད་ཡིག་ཐོག་སྤོབས་པ་དང་དོ་སྣང་སླེབས་ཐུབ་བཟོ་དགོས།
བོད་དང་རྒྱ་གར་གཉིས་ཀར་རྒྱ་ཡིག་དང་དབྱིན་ཡིག་ལ་མཐོང་ཆེ་བ་སྟེ་བཙན་རྒྱལ་རིང་ལུགས་ཀྱི་ཤན་ཤུགས་ colonial mentality ཤིག་མཐོང་ཡོང་གི་འདུག
བསམ་བློ་འདི་ངེས་པར་དུ་དོར་དགོས་འདུག དགག་རྩ་འདི་ལ་ཐུག་མེད་དམ་སྙམ།
བཀྲིས་བདེ་ལེགས།།
བར་སྟོང་བཞག་རྒྱུ་དེས་བོད་ཡིག་འགྲོ་ལུཌ་ཐོག་ཁྱད་པར་གང་འདྲ་ཡོང་མིན་དེ་ཡང་གལ་ཆེན་པོ་རེད་། གུས་པའི་ཟིན་བྲིས་ཐོག་ཡོད་པ་བཞིན། དཀའ་ངལ་གཙོ་བོ་དེ་བོད་ཡིག་ཐོག་མར་སྦྱོང་སྐབས་ཡོང་གི་རེད་མ་གཏོཌ་ཡག་པོ་ཤེས་ཀྱི་ཡོད་ན་བར་སྟོང་བཞག་ཡོད་མིན་ལ་ཁྱད་པར་མེད་། དེ་འདྲ་སོང་གུས་ནས་ཕྲུ་གུར་དམའ་རིམ་འཛིན་གྲར་བོད་ཡིག་སློབ་སྦྱོང་ཆེད་བར་སྟོང་དེས་ཕན་ཐོག་ཡོད་ན་བཞག་ན་ལེཌ་པ་མིན་ནམ་ཞུ་བ་དེ་ཡིན།
ང་ཚོས་ཕྲུ་གོ་ཚོར་བར་སྟོང་བཞག་སྟེ་ཚོད་བལྟ་ཞིག་བྱེད་དགོས་ཀྱི་རེད། ཡིན་ནའང་ངའི་བསམ་པར་ཕྲུ་གུ་ཚོས་སུམ་རྟགས་དག་གསུམ་ལ་དོ་སྣང་སྤྲད་དེ་ངེས་པ་རྙེད་པ་ཞིག་བྱུང་ན་བོད་ཡིག་འདི་ལས་སླ་པོ་ཞེ་དྲག་ཅིག་རེད། གོང་དུ་གཡག་ལྔ་དཀར་གྱི་དཔེ་ལྟར་དག་ཆ་མ་ཤེས་ན་འགྲོ་ས་གཅིག་ཀྱང་ཡོད་པ་མ་རེད། དགག་རྩ་སུམ་རྟགས་དག་གསུམ་ལ་ཐུག་ཡོད་པ་རེད། བོད་ཡིག་གི་དཀའ་ངལ་འདིའི་རྒྱུ་མཚན་མང་པོ་ཞིག་ཡོད་པ་རེད། བཙན་རྒྱལ་རིང་ལུགས་ཀྱི་ཤན་ཤུགས་བརྗོད་དགོས་པའི་རྒྱུ་མཚན་ནི། རྡ་ཤོད་བུ་ཁྱིམ་སློབ་ཕྲུག་ཚོས་སྔོན་མ་སོ་སོ་དབྱིན་ཇིའི་སློབ་གྲྭ་ཡིན་ཞེས་སྤོབས་པ་བྱས་ཡོད་པ་རེད། མ་གཞི་མེ་དབོན་དཔེ་སྟོན་སློབ་གྲྭའི་བྱིས་པ་ཚོའི་འགྲེམས་སྟོན་ཞིག་ཏུ་འགྲོ་རྒྱུ་བྱུང་། ཁོང་ཚོའི་བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ཤེས་ཚད་ཧ་ཅང་ཡག་པོ་འདུག ལྷག་པར་དུ་བོད་སྐད་རྒྱག་རྒྱུ་དང་བོད་ཆས་གྱོན་རྒྱུར་སྤོབས་པ་ཞིག་འདུག
The word recognition problem has been there always in the Tibetan language. It was the case with me when I was beginning to learn Tibetan as a young girl in the early 1960s. However in the recent years the problem seemed to have grown bigger than before, almost out of control to the point that its absence may literally kill Tibetan language altogether. We know that it is not because Tibetan language has became more complicated and thus gotten more problematic.
This fear for the survival of the Tibetan language without the spacing for the words is legitimate and well be prophetic, but is not reasonable. Because if that were the case Tibetan language should be dead long time ago. The fear for the loss of the interest by the younger generation because of the lack of word recognition in the Tibetan language is too is legitimate, but that too it unreasonable. Because such fear is limited to the Tibetans who live in non-Tibetan speaking countries and use Tibetan as a second language or to those who are in the process of opting to choose Tibetan as a second language. For them Tibetan language is as good as dead language and their fear is meaningless one.
I case you want to know what is meant by second language and who are those that uses Tibetan as a second language? If you find yourselves using predominantly one particular language, written or spoken, over the other language/s is your first language. All other languages will be your second languages. This means that almost all Tibetan who live different part of the world, except Tibet, India and Nepal, will not be able regard Tibetan as their first language.
For the Tibetans who see the importance of Tibetan language and regards it as an essential tool for their personal and cultural survival they are going to tough it out in learning to write, read and thus speak Tibetan with or without the spacing as the word recognition as their forefathers did successfully.
I do agree that the lack of word recognition undermines the morale of the students and imposes a totally unnecessary and meaningless hurdle, but do disagree lack of word recognition “suffocates” the learning process. To find the way how to solve the problem can be a great blessing and a major contribution to the Tibetan writing system. Yet I do not think spacing is the right option for a Tibetan word indicator, for one thing there are lots of technical or the grammatical issues that the workability of the spacing in Tibetan unaccounted for. Know that Tibetan word structure is not as straight forward as one presumes it to be just as in English and other languages.
Do you think we can find just the write solution other than the “spacing”? Whoever finds the solution will he/she be genius?